བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(9)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-19   རྩོམ་ཁུངས།    中国藏族网通

བཅུ་བདུན་པ། མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་སློབ་གསོའི་ལག་ལེན་གྱི་ཐེག་གཟུགས་གསུམ་གང་དག་ཡིན། 
ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བ་གཏིང་ཟབ་ཏུ་སྤེལ་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ནི་བརྗོད་དོན་སློབ་གསོའི་ལག་ལེན་གྱི་ཐེག་གཟུགས་གསུམ་ཡིན། 
བཅོ་བརྒྱད་པ། དགོངས་པ་འདི་སྤྱོད་མཁས་པར་བྱས་ནས་ཉེན་ཁ་ཚབས་ཆེན་འགོག་ཟོན་སེལ་ཐབས་བྱེད་པ་དང་། རྐྱེན་ངན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། མཐའ་ཐིག་རིགས་ལམ་རྒྱུན་འཁྱོངས་བྱེད་པ། བདེ་སྡོད་ཉེན་གཞིགས་དང་ཆུ་མ་ཡོང་སྔོན་ནས་རགས་རྒྱག་པའི་དཔེ་ལྟར། དུས་དང་རྣམ་པ་ཀུན་ཏུ་མདའ་འཐེན་ནས་མདེའུ་ལ་གཏུགས་པ་ཇི་བཞིན་ལས་ལ་ཞུགས་པའི་ཉམས་འགྱུར་བཟང་པོ་རྒྱུན་སྲུང་བྱེད་པ། འགྱིག་རྡེའུ་སྔོན་ལ་ལེགས་པར་འཇོག་པ། རང་འགུལ་གྱི་དམག་འཐབ་ལེགས་པར་རྒྱག་པ། ཉེན་ཁ་སྣ་ཚོགས་མགོ་མ་འབུས་པའི་སྔོན་ལ་མཐོང་བ་དང་དོན་མ་བྱུང་བའི་སྔོན་ལ་ཐག་གཅོད་པ། ཉེན་ཁ་སྣ་ཚོགས་ཚོད་འཛིན་མ་ཐུབ་པར་གང་སར་ཁྱབ་པར་མཐའ་གཅིག་ཏུ་འགོག་ཟོན་བྱེད་ཅིང་། རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས། 


——《ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པའི་སྐབས་ཀྱི་གསུང་བཤད》ལས།