བོད་རིགས་ཕོ་གསར་གཉིས་ཀྱིས་ཇོ་རིར་སྐད་གྲགས་བཞག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-16   རྩོམ་ཁུངས།    中国藏语广播CNR

    

        ཉེ་ཆར། “ཇོ་མོ་གླང་མར་ཕྱོགས་”ཞེས་པའི་2023ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཇོ་མོ་གླང་མའི་མ་ལ་སུང་རྒྱང་རྒྱུག་འགྲན་སློང་འགྲན་བསྡུར་ནང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ལས་ཞོར་ལ་མ་ལ་སུང་ལ་དགའ་པོ་བྱེད་མཁན་བསོད་ནམས་རྒྱལ་མཚན་དང་ཡེ་ཤེས་གྲགས་པ་གཉིས་ཁག་སོ་སོས་ཨང་དང་པོ་དང་ཨང་གཉིས་པ་བླངས་འདུག

        ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ནང་གི་ས་བབ་མཐོ་ཤོས་དང་དཀའ་ཚེགས་ཆེ་ཤོས་ཀྱི་འགྲན་ཐེངས་ཤིག་ཡིན་ཞིང་། བོད་ལྗོངས་དང་ས་གནས་གཞན་ནས་ཡོང་བའི་བདམས་ཐོན་པ་100ཙམ་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་ཡོད་ཅིང་། བདམས་ཐོན་པ་ཚོས་ས་བབ་སྨི་4400ཡན་གྱི་རི་མཐོ་གྲོག་རོང་ཁྲོད་རྒྱང་རྒྱུག་འགྲན་བསྡུར་བྱེད་དགོས་ཀྱི་ཡོད། དེས་མི་ཚད་ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ད་དུང་གནམ་གཤིས་ཧ་ཅང་སྡུག་པ་དང་འགྲོ་ལམ་བདེ་པོ་མེད་པ་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད། འགྲན་རྩོད་ཛ་དྲག་པོ་བྱས་པ་བརྒྱུད་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་བདམས་ཐོན་པ་གཉིས་ཀྱིས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཁག་སོ་སོས་སྐྱེས་པའི་སྤྱི་ལེ་10ཡི་ཚོགས་ཆུང་གི་ཨང་དང་པོ་དང་ཨང་གཉིས་པ་བླངས་ཡོད་པ་རེད། 

        བསོད་ནམས་རྒྱལ་མཚན་དང་ཡེ་ཤེས་གྲགས་པ་གཉིས་ཀྱིས་དུས་རྒྱུན་ཀླུང་ཐང་རྒྱང་རྒྱུག་སྦྱོང་བརྡར་མཐའ་འཁྱོངས་བྱས་པ་དང་མ་ལ་སུང་རྒྱང་རྒྱུག་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་པས། ད་ཐེངས་ཀྱི་འགྲན་བསྡུར་ལ་སྔོན་འགྲོའི་གྲ་སྒྲིག་གང་ལེགས་བྱུང་ཡོད། ཁོང་ཚོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ཆེད་ལས་མིན་པའི་རྒྱང་རྒྱུག་བྱེད་རྒྱུར་དགའ་པོ་བྱེད་མཁན་ཚོའི་ཆུ་ཚད་མངོན་པ་མ་ཟད། ཁོང་ཚོའི་བློ་སྟོབས་དང་སྙིང་རུས་ཀྱང་གང་ལེགས་མངོན་ནོ། །