གངས་རིའི་གྲོག་རོང་ཁྲོད་དུ་ལང་ཚོའི་འོད་སྣང་འཚེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། བདེ་ཆེན་ཁུལ་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་2023ལོའི་ལོ་འཁོར་གྱི“བདེ་ཆེན་གྱི་ཆེས་མཛེས་པའི་མི་སྣ”ཁྱབ་བསྒྲགས་བྱས་པའི་མིང་ཐོའི་ནང་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གཏེར་མ་རོང་ཤང་གི་ཚེ་ལྷ་མོ་ཚུད་ཡོད་པ་རེད། 

        ལས་ཀའི་ནང་ཞུགས་ནས་ལོ་དྲུག་སོང་རིང་ཚེ་ལྷ་མོ་གཏེར་མ་རོང་ཤང་གི་གངས་རི་དང་གྲོག་རོང་གི་གནས་སུ་གཞི་ཚུགས་ཤིང་། བློ་གཅིག་སེམས་གཅིག་ངང་དམངས་ལ་ཕན་བདེ་བསྐྲུན་པ་དང་། གཞི་རིམ་གྱི་ལས་དོན་ཏན་ཏིག་ངང་སྒྲུབ་པ། རང་ཉིད་ཀྱི་འགན་འཁྲི་འཁུར་རྒྱུ་དེ་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་བྱ་བ་དངོས་སྒྲུབ་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་དང་བསྔགས་བརྗོད་ཐོབ་ཡོད།

        2018ལོར་གཏེར་མ་རོང་ཤང་རིག་གནས་ས་ཚིགས་སུ་ལས་ཀ་བྱེད་པར་ཡོང་མཁན་ཚེ་ལྷ་མོས་ལས་གནས་མང་པོའི་འགན་གཅིག་ལྕོགས་སུ་འཁུར་བ་དང་།  ཁོ་མོ་རྟག་ཏུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་དམངས་ཀྱི་འདོད་བློར་བཅར་འདྲི་བྱས།  ལས་ཀའི་བརྒྱུད་རིམ་ནང་ཚེ་ལྷ་མོས་གྲོང་མི་མང་པོ་ཞིག་གིས་རྒྱ་ཡིག་ཤེས་ཀྱི་མེད་པ་དང་སྲིད་ཇུས་ལ་ཆ་རྒྱུས་མེད་པ་ཚོར་ཞིང་།   ཁོ་མོར་གཏེར་མ་རོང་གི་ཡུལ་སྐད་གཞིར་བཟུང་ནས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལེ་ཚན་ཕབ་བཟོ་བྱ་རྒྱུའི་བསམ་བློ་འཁོར་བྱུང་། 

        ས་གནས་དེ་གའི་གྲོང་མི་དབྱང་ཀྲང་གིས་གསར་འགོད་པར“ཚེ་ལྷ་མོས་ཕབ་བཟོ་བྱས་པའི་གཏེར་མ་རོང་ཤང་གི་ཡུལ་སྐད་པར་གཞིའི་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལེ་ཚན་དེར་ང་ཚོ་ས་གནས་དེ་གར་དགའ་བསུ་ཆེན་པོ་ཐོབ་བྱུང་། ད་ཆ་རྒྱ་ཡིག་མི་ཤེས་པའི་མང་ཚོགས་མང་པོ་ཞིག་གིས་ཀྱང་ཡིག་སྒྱུར་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྲིད་ཇུས་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཀྱི་འདུག”ཅེས་བཤད། 

        ངས་སྔ་རྗེས་སུ་ནག་ཚོགས་ལ་རྡུང་རྡེག་གཏོང་བ་དང་།  གྲོང་ཚོ་ཨུ་ལྷན་གྱི་འདེམས་བསྐོ།  ནགས་ཚལ་མེ་འགོག་སོགས་དྲིལ་བསྒྲགས་སྒྲ་ཕབ་ལེ་ཚན་ཕབ་བཟོ་བྱས་ཡོད། སྲིད་ཇུས་ཀྱི་སྒྲ་ཕབ་ལེ་ཚན་དེ་དག་གྲོང་གསེབ་ཀྱི་དུང་ཆེན་དང་འཕྲིན་ཕྲན་སྨྱན་སྦྱོར་བརྒྱུད་དེ་གཏེར་མ་རོང་ཤང་གི་གྲོང་ཚོ་རེ་རེར་སྤེལ་ནས་སྲིད་ཇུས་དྲིལ་བསྒྲགས་བྱེད་པའི་མཐའ་མའི་ལེ་དབར་གཅིག་གི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་ཚེ་ལྷ་མོས་འདི་ལྟར་བཤད་བྱུང་།

        ཚེ་ལྷ་མོའི་ཞེས་གླེང་ཡོང་སྐབས་ལས་རོགས་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་བྱུང་།   ཚང་མས་ཁོ་མོ་ནི་ལས་ཀ་སྒྲུབ་ན་ཧ་ཅང་ནན་ཏན་ཡིན་པས་ང་ཚོའི་སློབ་སྦྱོང་གི་མིག་དཔེ་ཡིན་ཞེས་ཟེར། ལས་གྲོགས་ཚེ་རིང་སྒྲོལ་མས་བཤད་ན་2020ལོར་གཏེར་མ་རོང་ཤང་གིས་ཁག་དྲུག་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རེ་ཞུ་བྱ་རྩིས་ཡོད།   ཚེ་ལྷ་མོ་མི་གཅིག་གིས་ལྗིད་ཚད་རྒྱ་མ་བཅུ་ལྷག་ཡོད་པའི་པར་ཆས་འཁྱེར་ནས་གྲོང་མིའི་ཚོ་ཆུང་ཁག་ཏུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འོས་འཚམ་ཞིག་འཚོལ་བར་ཕྱིན།    ཟླ་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ཁོ་མོས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འོས་འཚམ་ཞིག་རྙེད་པ་མ་ཟད། བརྙན་པར་གྱི་རྣམ་པའི་ཐོག་ནས་ཁོང་ཚོའི་ལས་ཀ་དང་འཚོ་བ་ཐོ་འགོད་བྱས་པ་དེ་དག་ནི་རྩ་ཆེའི་རིག་གནས་ཀྱི་དཔྱད་གཞི་ཞིག་རེད་ཅེས་ཟེར། 

        རྒན་མོ་གཡང་འཛོམས་ཀྱིས་གཏེར་མ་རོང་ཤང་དུ་ལོ་གཅིག་རེའི་རྒན་རྒོན་གྱི་འཚོ་གནས་ཁས་ལེན་ལས་དོན་སྤེལ་སྐབས་ཚེ་ལྷ་མོས་གཟའ་མཇུག་གི་ངལ་གསོའི་དུས་ཚོད་སྤྱད་དེ་རང་འགུལ་ངང་གྲོང་ཚོའི་རྒན་རྒོན་ཁྲོད་བསྐྱོད་དེ་རྒྱ་ཡིག་མི་ཤེས་པ་དང་རིག་ནུས་ལག་ཐོགས་ཁ་པར་སྤྱོད་མི་ཤེས་པའི་རྒན་རྒོན་ལ་རོགས་རམ་དང་ཁས་ལེན་བྱེད་ཀྱི་ཡོད། རོགས་རམ་གནང་ནས་ལོ་ངོ་འགའ་འགོར་བ་དང་།   ལོ་ལྟར་ཚེ་ལྷ་མོས་རང་འགུལ་ངང་ང་ཚོར་རོགས་རམ་བྱས་ནས་ང་ཚོར་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་བྱས་ཡོད་ཅེས་ཟེར། 

        ང་རང་ལས་ཀ་འདི་ལ་ཤིན་ཏུ་དགའ་པོ་ཡོད།    ངས་ལས་ཀ་དེ་བས་ཡག་པོ་སྒྲུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད།  རང་ཉིད་ཀྱིས་ཡུལ་མི་དེ་བས་མང་བར་རོགས་རམ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་མཐར་ཕྱིན་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ཚེ་ལྷ་མོས་བཤད་བྱུང་།