བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(6)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-14   རྩོམ་ཁུངས།    中国藏族网通

བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།

(6)

        བཅུ་གཅིག་པ། བརྗོད་དོན་སློབ་གསོ་ལ་དུས་མཚམས་དང་གོ་རིམ་དབྱེའམ། 

        བརྗོད་དོན་སློབ་གསོ་ལ་དུས་མཚམས་དང་གོ་རིམ་མི་དབྱེ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་བ། ཞིབ་བཤེར་དག་ཐེར་ཡོ་བསྲང་སོགས་མཉམ་དུ་སྦྲེལ་ནས། འདྲེས་སྦྱོར་ནུས་ལྡན་དང་གཞི་གཅིག་སྐུལ་འདེད་གཏོང་དགོས། 

        བཅུ་གཉིས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱོད་མཁས་པར་བྱས་ནས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་པ་བཅས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་སྤྱི་ཁོག་དང་འཛམ་གླིང་ཐོག་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ལ་སྔར་ལས་ལེགས་པར་སྤྱི་འདོམས་བྱེད་པ། དུས་བབ་དང་འཕེལ་འགྱུར། ཉེན་ཁ་དང་གོ་སྐབས་བཅས་ལ་གཏིང་ཟབ་མོས་མཐིལ་རྟོགས་པར་བྱས་ནས། ཧུར་ཐག་སྒོས་འགྱུར་བ་རྟོགས་པ་དང་འགྱུར་བར་བསྟུན་པ། འགྱུར་བར་རེ་བ་བཅས་བྱེད་དགོས། 


——《ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་སྐབས་ཉི་ཤུ་པའི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་ཐོག་གི་གསུང་བཤད》ལས།