སྐྱེལ་འདྲེན་རླངས་འཁོར་གྱིས་གྲོང་གསེབ་དར་ལ་རོགས་རམ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་རྒྱབ་ལུང་གྲོང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་རི་ཁུལ་དུ་གནས་པ་དང་། “གྲོང་ཚོ་གཅིག་ལ་ཐོན་རྫས་གཅིག་”གི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོཊ་གཞིར་བཟུང་ནས་ས་གནས་དེ་གས་གྲོང་གསེབ་དར་རྒྱས་ཐོན་ལས་རོཊ་སྐྱོར་གྱི་ཀུ་ཤུའི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།འོན་ཀྱང་ཀུ་ཤུའི་ས་ཞིང་མང་ཆེ་བ་རི་ཕྱེད་གྱེན་ངོས་ཡིན་པ་དང་ཞིང་ལུད་དབོར་འདྲེན་དང་འབྲས་བུ་འཐུ་བའི་སྐྱེལ་འདྲེན་སོཊ་མི་ཐབས་ལ་བརྟེན་པའི་འགྲོ་གྲོན་མཐོ་ཙམ་ཡོད་པའི་ཁར་གྲོང་གསེབ་ཀྱི་གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུཊ་མང་ཆེ་བ་ཕྱི་ཕྱོཊ་སུ་ལས་ཀ་བྱེད་ཡོད་པས་ལས་ཀའི་དགོས་མཁོ་ཡོད་སྐབས་“ལས་ཀ་བྱེད་མཁན་གཅིག་ཀྱང་འཚོལ་དཀའ་བའི་”གནད་དོན་ཐོན་ཡོད།

        གནད་དོན་འདི་ཐག་གཅོད་པ་དང་གྲོང་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དུ།2023ལོ་ནས་བཟུང་།ལུའོ་ཅི་ཤང་ཏང་ཨུ་སྲིད་གཞུང་དང་རྒྱབ་ལུང་གྲོང་གི་“ཨུ་ལྷན་གཉིས་”དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཁུལ་དང་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་ཅུས་ཀྱི་རོགས་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་དེ་མ་དངུལ་སྒོར་ཁྲི་18བཏང་ནས་ཀན་ཀོའུ་ཚོ་ཆུང་དུ་ཀུ་ཤུ་ལྡུམ་རའི་རི་ཁུལ་གྱི་སྐྱེལ་འདྲེན་རྐྱང་ལམ་ཞིག་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་བཀོད། སྐྱེལ་འདྲེན་རྐྱང་ལམ་དེའི་རིང་ཚད་ཁྱོན་སྨི་1000ཟིན་པ་དང་འཕྲུལ་འཁོར་གྱི་མགོ་4་བཀོད་སྒྲིག་བྱས་ཡོད་པས་ཀུ་ཤུའི་ལྡུམ་རའི་རྒྱ་ཁྱོན་མུའུ་118་ལ་ཕན་པ་ཐོབ་པ་དང་ཞིང་དུད་20་ལ་ཕན་པ་ཐོབ་ཡོད།  དེ་ནི་བདེ་ཆེན་ཁུལ་གྱི་ཞིང་སྤྱོད་ལྕགས་ལམ་སྐྱེལ་འདྲེན་རྐྱང་ལམ་ཐོག་མ་ཡིན།  ཨར་ལས་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྐྱེལ་འདྲེན་རྐྱང་ལམ་དེ་ནི་རྡོ་སྣུམ་སྒུལ་ཤུགས་དང་། མྱུར་ཚད་འགྱུར་བའི་སྒམ། ཚོད་འཛིན་སྒྲིག་ཆས། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་དང་དེ་བཞིན་ལྕགས་ལམ་བཅས་ལས་གྲུབ་པ་དང་།  ལག་སྒུལ་ཚོད་འཛིན་སྒྲིག་ཆས་ཡོད་པས་སྐྱེལ་འདྲེན་འཕྲུལ་འཁོར་མདུན་སྐྱོད་དང་མཚམས་འཇོག་པར་ཚོད་འཛིན་བྱེད་ཐུབ། ད་དུང་འཕྲལ་སྡོམ་སྒྲིག་ཆས་ཁག་གཅིག་སྒྲིག་སྦྱོར་བྱས་ཏེ་སྐྱེལ་འདྲེན་ལས་དོན་རྒྱུན་གཏན་དང་མི་འདྲ་བའི་སྐབས་སྐྱེལ་འདྲེན་རླངས་འཁོར་རང་འགུལ་ངང་བཙན་ཤེད་ངང་མཚམས་འཇོག་ཏུ་བཅུག་ཐུབ། སྐྱེལ་འདྲེན་རྐྱང་ལམ་དེ་ཟླ6པའི་ཟླ་སྟོད་དུ་ལས་གཉེར་བྱས་ཆོག ལྡུམ་རའི་འགན་ཁུར་བ་མཱ་ཀྲི་ཀའོ་ཡིས་ལྕགས་ལམ་འདིང་བ་དང་སྐྱེལ་འདྲེན་འཕྲུལ་འཁོར་གྱིས་ལུད་དང་ཤིང་འབྲས་སྐྱེལ་འདྲེན་ལེགས་སྒྲུབ་བྱས་ཚེ་ངལ་རྩོལ་ནུས་ཤུགས་གྲོན་ཆུང་ཐུབ་པ་དང་ཤིང་འབྲས་ལྡུམ་རའི་དོ་དམ་སྲུང་སྐྱོང་གི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་རེད་ཞེས་ཟེར།

        སྐྱེལ་འདྲེན་འཕྲུལ་ཆས་ས་དབྱིབས་ལྟར་བཏིང་ན་སྐྱེལ་འདྲེན་ལམ་མེད་པའི་སིལ་ཏོག་ར་བ་བཀོལ་བར་འཚམ། རི་སྟེང་དུ་ལུད་དབོར་བ་དང་རི་གཤམ་དུ་ཤིང་འབྲས་སྐྱེལ་བར་བསྐྱོད་ཚེ་སྐར་མ་30ཡི་ནང་བཟོ་པ་ཞིག་གི་ཉིན་གཅིག་གི་དབོར་འདྲེན་བྱེད་ཚད་ལེགས་གྲུབ་ཐུབ་པ་དང་།གཟར་ངོས་དང་ས་འབུར་ཐོག་ཐེངས་གཅིག་ལ་དངོས་རྫས་སྤྱི་རྒྱ་500སྐྱེལ་འདྲེན་བྱེད་ཐུབ་པ་མ་ཟད་ཏུའུ་45ནང་སྐར་མ་རེར་སྨི་42ཡས་མས་ཀྱི་མྱུར་ཚད་སྙོམས་པོའི་ངང་འཁོར་སྐྱོད་ཐུབ་པ་དང་དེའི་སྐྱེལ་འདྲེན་ལས་ཕྱོད་ནི་མི་ཐབས་ཀྱི་ལྡབ་20ཡན་ཡིན་པ་དང་མི་ཐབས་ཀྱི་མ་གནས་60%གྲོན་ཆུང་ཐུབ་ཞེས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཞིང་འཕྲུལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཝུའེ་ཧྭ་ཡིས་འདི་ལྟར་ངོ་སྤྲོད་བྱས།

        ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཞིང་འཕྲུལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཆིང་ཀྲེང་གིས་གྲོང་གསེབ་ཀྱི་ལྕཊ་ལམ་སྐྱེལ་འདྲེན་རྐྱང་ལམ་ཐོག་མ་དེ་བསྐྲུན་རྗེས་གྲོང་གསེབ་ཏུ་ཁྱབ་གདལ་བཏང་ནས་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ལ་རོཊ་རམ་བྱས་ཏེ་ལྕཊ་ལམ་སྐྱེལ་འདྲེན་རླངས་འཁོར་གྱིས་གྲོང་གསེབ་དར་རྒྱས་ཀྱི་“མྱུར་ཚད་མགྱོཊ་སུ་”གཏོང་ཐུབ་རྒྱུ་ཞེས་བསྟན།