བོད་ལྗོངས་ཀྱི་སློབ་མ་འདིས་བར་སྣང་ས་ཚིཊ་ལ་འཕྲིན་ཡིག་བསྐུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-12   རྩོམ་ཁུངས།    中国藏语广播CNR

        སྤྱི་ཟླ་6ཚེས་4ཉིན། ལྷ་གྲུ་བཅོ་ལྔ་པ་རྟགས་ཅན་གྱི་མཁའ་སྐྱོད་པའི་ཚོ་ཆུང་སའི་གོ་ལར་ཕྱིར་ལོག་པ་དང་། ཁྱིམ་དུ་མ་ལོག་གོང་མཁའ་སྐྱོད་པ་ཧྥེ་ཅུན་ལུང་གིས་གནམ་གྱི་ཕོ་བྲང་ནས་སའི་གོ་ལར་འཕྲིན་ལན་ཞིག་སྤྲིངས་བ་དང་། འཕྲིན་ཡིག་སྐུར་ཡུལ་ནི་བོད་ལྗོངས་ཀྱི་ན་གཞོན་ཚེ་རིང་དར་རྒྱས་ཡིན་པ་རེད།
ཚེ་རིང་དར་རྒྱས།

——ང་ལ་མཚོན་ན་ནམ་མཁའི་སྐར་ཚོགས་ནི། རྨི་ལམ་ལྟ་བུའི་ཁྱད་མཚར་བའི་ཁྱབ་ཁོངས་ཤིག་ཡིན། ངའི་ཕ་ཡུལ་བོད་ལྗོངས་སུ་སྐར་ཚོགས་དང་འབྲེལ་བའི་གཏམ་རྒྱུད་མང་པོ་ཡོད།

ཧྥེ་ཅུན་ལུང་།

——ང་ཚོས་བརྗིད་ཆེ་བའི་ས་མཐོའི་ཐོག་ཁ་བ་དཀར་པོས་གཡོགས་པའི་གངས་རིའི་ཁྱུ་ཚོགས་སྟར་ལ་རྒྱུས་འདྲ་བ་མཐོང་བྱུང་། དེ་གར་ཁྱེད་རང་གི་ཕ་ཡུལ་རེད་དམ།

ཚེ་རིང་དར་རྒྱས།

——ངས་ཀྱང་ཕུགས་བསམ་མངོན་འགྱུར་ཡོང་བ་བྱེད་དགོས་ན། དེ་འདྲའི་སྟབས་བདེ་ཞིག་མིན་པ་ལྷག་ཏུ་ཤེས། དུས་ཡུན་རིང་པོའི་གྲ་སྒྲིག་བྱེད་པའི་ནང་མཚམས་འཇོག་བྱ་དགོས་བསམ་མྱོང་ཨེ་ཡོད་ལགས།

ཧྥེ་ཅུན་ལུང་།

——བདམས་ཐོན་མ་བྱུང་བའི་སྐབས་སུ་ང་རང་སྔོན་ཆད་ཡིད་ཐང་ཆད་མྱོང་། འོན་ཀྱང་ངས་ནམ་ཡང་མཚམས་འཇོག་བྱ་དགོས་པ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད། མུ་མཐུད་ནུས་ཤུགས་ཡོད་རྒུ་བཏོན་ན། ད་གཟོད་གཞི་ནས་ཕུགས་བསམ་མངོན་འགྱུར་ཡོང་ཐུབ།

        འདི་ནི་ངའི་ཕུགས་འདུན་འཁྱེར་ནས་གནམ་གྱི་ཕོ་བྲང་དུ་བསྐྱོད་ཅེས་པའི་བྱེད་སྒོའི་ཁྲོད་ཀྱི་འཕྲིན་ཡིག་དང་འཕྲིན་ལན་ཡིན་པ་དང་། ཡིག་འབྲུ་དང་ཚིག་ཁ་རེ་རེ་ནི་གནམ་དང་ས་ཡི་གླེང་མོལ་ཡིན་ལ། ཕུགས་འདུན་དང་རྒྱུན་འཁྱོངས་ཀྱི་མཉམ་དཀྲོལ་རོལ་དབྱངས་སྙན་མོ་ཞིག་ཀྱང་ཡིན།

        པེ་ཅིང་གྲོང་ཁྱེར་སློབ་འབྲིང་བརྒྱད་ཅུ་པའི་སློབ་གྲོགས་ཚེ་རིང་དར་རྒྱས་ཀྱིས་འཕྲིན་ཡིག་ནང་སྐར་ཚོགས་ལ་བཅངས་པའི་དགའ་ཞེན་དང་རེ་སྨོན་བྲིས་ཡོད། ན་ནིང་ཁོང་ཉིད་ནི་སྐར་ཚོགས་དང་བར་ཐག་ཉེ་ཤོས་ཀྱི་བོད་ལྗོངས་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་ཁམས་དང་བར་ཐག་ཉེ་ཤོས་ཀྱི་རྒྱལ་ས་པེ་ཅིང་དུ་ཡོང་ནས་འཇིག་རྟེན་འཕུར་སྐྱོད་ལ་དགའ་ཞེན་ཆེ་བའི་གྲོགས་པོ་གསར་པ་མང་པོ་ཞིག་ངོ་ཤེས་ཡོད་པ་མ་ཟད། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཐེ་ཚོམ་དང་དཀའ་ངལ་ཁ་ཤས་ཀྱང་འཕྲད་ཡོད།

        འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་གིས་ཚེ་རིང་དར་རྒྱས་ཀྱི་འཕྲིན་ཡིག་ནན་ཏན་ངང་ལྟ་ཀློག་བྱས་པ་དང་། འཕྲིན་ལན་ནང་ཁོང་རང་གི་ཉམས་མྱོང་ལ་བརྟེན་ནས་སེམས་ཤུགས་སྤྲད་ཡོད། ཁོང་གིས་ཁྱེད་ཀྱིས་འཕྲིན་ཡིག་ནང་བྲིས་པ་ནང་བཞིན་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་དགོས་ན། དེ་འདྲ་སྟབས་བདེ་ཞིག་གཏན་ནས་མིན། མུ་མཐུད་དེ་ནུས་ཤུགས་ཡོད་རྒུ་བཏོན་ཚེ། གཞི་ནས་ཕུགས་འདུན་མངོན་འགྱུར་ཡོང་ཐུབ་ཅེས་གསུངས་ཡོད།

        ཧྥེ་ཅུན་ལུང་གིས་ཚེ་རིང་དར་རྒྱས་དང་ཁོང་གི་སློབ་གྲོགས་ཚོར་དགའ་པོ་ཡོད་པའི་ལས་རིགས་གང་ཞིག་ཡིན་རུང་ཚང་མས་རྩལ་ནུས་ཡག་པོ་སྦྱོང་དགོས་པའི་སྐུལ་ལྕག་གནང་ཡོད། མ་འོངས་པར་མེས་རྒྱལ་ལ་མཁོ་བའི་ས་ཆར་བསྐྱོད་དེ་རང་ཉིད་ལ་དབང་བའི་སྐར་ཚོགས་དང་མཁའ་དབྱིངས་བརྩོན་ལེན་བྱེད་དགོས། འཕྲིན་ལན་གྱི་མཇུག་ཏུ་ཧྥེ་ཅུན་ལུང་གིས་ད་དུང་ཚེ་རིང་དར་རྒྱས་ལ་ཁྱེད་དང་ཁྱེད་ཀྱི་སློབ་གྲོགས་ཚོར་སློབ་སྦྱོང་ཡག་པོ་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་གནམ་གྱི་ཕོ་བྲང་འདི་ཡང་ཁྱེད་ཚོའི་འབྱུང་འགྱུར་གྱི་ལས་གནས་སུ་འགྱུར་སྲིད་ཅེས་སྐུལ་ལྕག་གནང་ཡོད།

        ངའི་ཕུགས་འདུན་འཁྱེར་ནས་གནམ་གྱི་ཕོ་བྲང་དུ་བསྐྱོད་ཅེས་པའི་བྱེད་སྒོ་སྔར་བཞིན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད། ཀྲུང་གོའི་བར་སྣང་ས་ཚིགས་ཀྱིས་ཁྱོད་ཀྱི་འཕྲིན་ཡིག་ལ་རེ་སྒུག་འཆང་བཞིན་ཡོད་ལ། མ་འོངས་པར་ཁྱེད་རང་འདི་གར་ཡོང་རྒྱུར་ཡང་རེ་སྒུག་འཆང་བཞིན་ཡོད།