མཐོ་སྒང་གི་ཞོག་ཁོག་ལ་ལོ་ལེགས་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲབ།


        དེང་སྐབས་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་ཚོར་གྲོང་མི་ཚོས་ཞོག་ཁོག་འཐུ་བར་བྲེལ་བཞིན་ཡོད་པ་དང་ལོ་ལེགས་ཀྱི་དགའ་སྤྲོ་ཞིང་ནང་ནས་ཞིང་བྲེལ་གྱི་རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་པ། གྲོང་མི་བློ་བཟང་མཁས་གྲུབ་བདག་ནི་ད་ལོར་ཐང་སྨད་གྲོང་ཚོའི་ཡུལ་སྨད་ཀྱི་ཞོག་ཁོག་འཐུ་མཁན་ཞིང་དུད་དང་པོ་དེ་ཡིན་པ་དང་གྲོང་ཚོའི་གྲོང་མི་རྣམས་ཞོགས་པ་སྔ་པོ་ནས་བློ་བཟང་མཁས་གྲུབ་ཁྱིམ་གྱི་ཞིང་ནང་དུ་ལས་ཀ་བྱེད་རོགས་བྱེད་པར་ཡོང་བ་དང་ལ་ལས་བརྔ་བསྡུ་འཕྲུལ་འཁོར་གཏོང་བ། ལ་ལས་ཞོལ་ཁོག་འཐུ་བས་ཞིང་ནང་དུ་གཉེན་ཉེ་དང་ཁྱིམ་མཚེས་དབར་རོགས་རམ་བྱེད་པའི་རྣམ་པ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད། ད་ལོ་ཉི་ཤར་ཤང་སྲིད་གཞུང་གིས་ཐང་སྨད་གྲོང་ཚོར་ཞོག་ཁོག་བསྡུ་བའི་འཕྲུལ་འཁོར་7སྤྲད་པ་དང་ས་མཐོའི་ཐོན་ལས་ཀྱི་“ཆུང་ཞིང་སྤུས་ལེགས”ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས་གྲོང་ཚོ་དེར་གཞི་ཁྱོན་ལྡན་པའི་འདེབས་འཛུགས་རྒྱ་ཁྱོན་མུའུ་1000ཡན་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་700ཡས་མས་ཟིན་ཡོད་པ་རེད།