སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ཟླ་6པའི་ཚེས་22ཉིན་འགོ་ཚུགས་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་6པའི་ཚེས་8ཉིན།  བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁུན་མིང་དུ་འཚོགས་པ་དང་།   ཚོགས་འདུའི་ཐོག་ཤེས་གསལ་བྱུང་དོན།  སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ནི་ཟླ6པའི་ཚེས་22ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་།  བྱེད་སྒོ་ཧྲིལ་པོར་རིག་རྩལ་འཁྲབ་སྟོན་ཆེ་གྲས་དང་། དམངས་ཁྲོད་ཀྱི་སྒ་ཆས་འགྲེམས་སྟོན་དཔྱད་འདེམས་བྱེད་སྒོ། རྟ་རྒྱུག་འགྲན་བསྡུར། མདའ་འཕེན་མདའ་གཞུ་འགྲན་བསྡུར།  སྐབས་དང་པོའི་"འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་"པི་ཝང་རོལ་དབྱངས་དུས་ཆེན་དང་། ལག་རྩེད་སྤོ་ལོའི་འགྲན་བསྡུར། ཕིང་ཕང་སྤོ་ལོའི་འགྲན་བསྡུར་སོགས་ཇུས་འགོད་བྱས་ཡོད།

        ད་ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་གྱུར་རྗེས་གཉེར་བའི་ས་གནས་ས་ཐོག་གི་འཁྲབ་སྟོན་སྐབས་དང་པོ་དེ་ཡིན་ཞིང་།ཐེངས་འདིའི་རྟ་རྒྱུག་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོའི་འགྲན་བསྡུར་ནང་ཁྱབ་རྒྱ་ཆེ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་དང་། བྱེད་སྒོའི་རྣམ་གྲངས་ཀྱིས་ཀྱང་རྟ་རྒྱུག་དུས་ཆེན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ་སེམས་ཀྱི་ཉི་ཟླའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་ལ་ཞུགས་པར་ཡོང་མཁན་ཡུལ་སྐོར་བ་དང་སྨྱན་སྦྱོར་གྲོགས་པོ་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྒྱུག་རིག་གནས་ཁོ་ནར་གཏོགས་པའི་གསོལ་སྟོན་གཟབ་རྒྱས་ཤིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།  མིག་སྔར།  བདེ་ཆེན་སེམས་ཀྱི་ཉི་ཟླའི་2023ལོའི་ལྔ་པའི་ཚེས་ལྔའི་རྟ་རྒྱུག་དུས་ཆེན་གྱི་གྲ་སྒྲིག་ལས་ཀ་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།  

        ཡོངས་བསྒྲགས་ཚོགས་འདུའི་ཐོག་ད་དུང་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས། ཡིད་དབང་འཕྲོག་ཤུགས་སྣ་མང་ལྡན་པའི་རྐང་ཐང་ཐོན་ཁུངས། ཁྱད་ཆོས་ལྡན་པའི་མཐོ་སྒང་གི་གནམ་གཤིས་སོགས་མཚམས་སྦྱོར་བྱས་པ་རེད།