ཆུ་ལོག་ཐོན་སྐབས་ཉེན་གཡོལ་རང་སྐྱོབ་ཅི་ལྟར་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-08   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    གནས་ཚུལ་གང་འདྲའི་འོག་ཆུ་ལོག་ང་ཚོ་དང་བར་ཐག་ཤིན་ཏུ་ཉེ།

    ས་ཁམས་ཆ་རྐྱེན། ལུང་པའི་ཉེ་འཁོར་དང་། ཆུ་ཕྲན་གྱི་འགྲམ་ངོགས་གཉིས་ཀྱི་ཅུང་དམའ་ས། ཆུ་ལམ་དཀྱོགས་མཚམས་ཀྱི་འབུར་ངོགས་སོགས་སུ་ཆུ་ལོག་གི་ཉེན་ཁ་འབྱུང་སླ།
    གནམ་གཤིས་ཆ་རྐྱེན། རི་ཁུལ་དང་། དེའུ་འབུར་ས་ཁུལ། སྒང་ས། ཁྱད་པར་དྲག་ཆར་འབབ་སྐབས་ས་ཁུལ་འདི་དག་ཏུ་གནས་ཚེ། ཆུ་ལོག་གི་གནོད་འཚེ་འབྱུང་སླ།ནམ་རྒྱུན་ཆར་པ་བབས་རྗེས་དུས་ཚོད་འགའི་ནང་ལ་གནོད་འཚེར་འགྱུར་ཉེན་ཆེ།
    ཆུ་ལོག་འབྱུང་སྐབས་སྔ་ལྟས་གང་དག་ཡོད།
    ཆུ་ལོག་མ་རྒྱུག་པའི་སྔོན་ལ་ཆུ་ཕྲན་གྱི་ཆུ་གནས་མྱུར་དུ་ཇེ་མཐོར་འགྲོ་བཞིན་ཡོད་མེད་ལ་ལྟ་ཞིབ་བྱ་དགོས་ཤིང་། གལ་ཏེ་ཡོད་ན། སྟོད་རྒྱུད་ཀྱི་ཆར་མང་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་འབྱུང་སྲིད་པ་དང་། ཆུ་ཕྲན་གྱི་ཆུ་གནས་མར་འབབ་པ་ནི། སྟོད་རྒྱུད་དུ་དྲག་ཆར་བབས་ཏེ་རི་ངོས་བརྡིབས་ཏེ་ཆུ་ལམ་བཀག་པ་ཡིན་སྲིད་པས། ཆུ་རྒྱུན་འཆད་དུ་འཇུག་ལ། ཡར་སྔོན་གྱི་ཆུ་ཕྲན་དྭངས་མོ་གློ་བུར་རྙོག་མར་འགྱུར་བ་ནི། སྟོད་རྒྱུད་དུ་དྲག་ཆར་བབས་པས་བྱེ་འདམ་དང་། རྡོ་ལེབ་ཆུ་ནང་དུ་ཁུར་ཏེ། ཆུ་ལོག་འདམ་རྡོའི་ཆུ་རུད་དུ་གྱུར་བ་རེད།

    བར་དུ། ཆུ་ལོག་གི་རྐྱེན་གྱིས་འདམ་རྡོའི་ཆུ་རུད་བྱུང་བ་ནི་ལུང་མགོ་ནས་མགོ་བརྩམས་པ་ཡིན་ལ། གལ་ཏེ་ལྡིར་སྒྲའམ་འབྲུག་སྒྲ་ཐོས་ཚེ། ཆུ་ལོག་འདམ་རྡོའི་ཆུ་རུད་འབྱུང་བའི་སྔ་ལྟས་ཡིན། དོགས་ཟོན་མཐོར་འདེགས་བཏང་སྟེ། མྱུར་དུ་གཡོལ་དགོས།

图片

    ཆུ་ལོག་གི་གནོད་འཚེ་ཇི་ལྟར་འགོག་དགོས།

    གསར་སྤེལ་བྱས་མེད་པའི་ལྗོངས་ཁུལ་དུ་གཏན་ནས་འགྲོ་མི་རུང་། “རི་ཐང་མཛེས་ལྗོངས་ཁུལ”ལ་གཞི་རྩའི་བདེ་འཇགས་འགན་སྲུང་མེད་པས། ཡུལ་སྐོར་པར་བདེ་འཇགས་འདུ་ཤེས་མང་ཙམ་དགོས་ལ། རང་རྟོགས་ཀྱིས་ཉེན་ཁ་དང་གཡོལ་དགོས་པ་ལས། སྟབས་ལེགས་ཀྱི་སེམས་ཁམས་གཏན་ནས་ཡོད་མི་རུང་།
    ཆུ་འབྲུབ་པའི་དུས་སྐབས་སུ། གནམ་གཤིས་སྔོན་བརྡ་དང་ཉེན་ཟོན་སྔོན་བརྡའི་བརྡ་འཕྲིན་ལ་དོ་སྣང་བྱ་དགོས་ཤིང་། ནུས་ཚོད་ཀྱིས་རི་ཁུལ་དང་། ཆུ་ལམ་སོགས་ཉེན་ཁའི་གནས་ལས་གཡོལ་དགོས་ལ། ནམ་ཡང་གནམ་གཤིས་ཀྱི་འགྱུར་བར་དོ་སྣང་བྱེད་པ། ཁྱིམ་ཚང་གི་འགོག་སྲུང་ལ་གྲ་སྒྲིག་བྱས་ཏེ། བདེ་འཇགས་ལ་ཁག་ཐེག་བྱེད་དགོས།
    རི་ཁུལ་དང་། ཆུ་ལམ་དུ་ཡོང་ནས་རྩེད་མོ་རྩེ་བ་ན། རི་དབྱིབས་དང་ཆུའི་གནས་སྟངས་ལ་མཉམ་འཇོག་དགོས་ཤིང་། ཆུ་ལོག་གནོད་འཚེའི་རྟགས་མཚན་དང་བདེ་འཇགས་སྤོ་སྒྱུར་ཉེན་གཡོལ་ལམ་ཐིག་ལ་གཟབ་གཟབ་བྱས་ཏེ། མྱུར་དུ་ཉེན་ཁའི་ས་ཁུལ་ལས་ཁ་འབྲལ་དགོས།
    གྲོག་ཤུར་གྱི་ཕྱོགས་གཉིས་སུ་ཡོད་པའི་མཐོ་སར་བརྒྱུག་དགོས།
    ཉེན་ཟོན་སྔོན་བརྡའི་བརྡ་འཕྲིན་ནམ་ཡང་ན་ཆུ་ལོག་དང་འཕྲད་ཚེ། མྱུར་དུ་ཉེན་ཟོན་སྔོན་བརྡའི་བརྡ་འཕྲིན་གྱི་གསལ་བརྡའམ་ཡང་ན་གྲོག་ཤུར་གྱི་འགྲམ་གཉིས་ཀྱི་སྒང་མཐོ་སར་རྒྱུག་དགོས།

    ཆུ་ལོག་ཐོན་སྐབས། གནས་ཡུལ་སྤོ་སྒྱུར་བྱེད་མི་ཐུབ་པའི་མི་སྣ་ནི། མྱུར་དུ་ཐག་ཉེ་སའི་རི་ངོས་སམ། མཐོ་ས། ཐོག་ཁང་། ཆུ་ལོག་ལ་གཡོལ་སའི་སྟེགས་བུ་སོགས་སུ་གནས་བསྒྱུར་བ། ཡང་ན་མྱུར་དུ་ཁང་ཀླད་དང་། ཐོག་ཁང་གི་རིམ་པ་མཐོན་པོ། སྡོང་པོ་ཆེན་པོ། གྱང་མཐོན་པོ་སོགས་མཐོ་སར་འགོས་ཏེ་གནས་སྐབས་གཡོལ་བར་བྱེད་དགོས།

图片

    ཆུ་ལོག་མུ་མཐུད་དུ་རྒྱས་ཚེ། གྲ་སྒྲིག་ཚགས་སུ་ཆུད་པའི་སྲོག་སྐྱོབ་ཡོ་བྱད་ལ་བརྟེན་ནས་ཉེན་ཐར་བྱ་དགོས་ལ། ཡང་ན་མྱུར་དུ་སྒོ་ལེབ་དང་། ཅོག་ཙེ་རྐུབ་སྟེགས། ཤིང་གི་ཉལ་ཁྲི། ལྦུ་བའི་འགྱིག་ཤོག་ཆེན་པོ་སོགས་ཆུ་ཁར་གཡེང་སླ་བའི་རྒྱུ་ཆས་ཀྱིས་ཉེན་ཐར་རྫིངས་བསླེ་དགོས།

    ཆུ་ལོག་གི་ནང་དུ་བྱིངས་ཚེ། ངེས་པར་དུ་ནུས་ཤུགས་གང་ཡོད་ཀྱིས་སྲ་བརྟན་ནམ་ཡང་ན་ཆུ་ཁར་གཡེང་སླ་བའི་དངོས་པོར་འཇུས་ཏེ། གོ་སྐབས་བཙལ་ནས་ཉེན་ཁ་ལས་ཐར་བར་བྱེད་དགོས།
    གལ་ཏེ་ཆུ་ལོག་གིས་ཡོངས་སུ་བཏུམས་ཚེ། ཐབས་བརྒྱ་ཇུས་སྟོང་གིས་མྱུར་དུ་ས་གནས་སྲིད་གཞུང་དང་། འབྲུབ་འགོག་བཀོད་འདོམས་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། རང་གི་གནས་ཡུལ་དང་ཉེན་ཁའི་གནས་ཚུལ་ཡར་ཞུ་བྱས་ཏེ། ཧུར་ཐག་སྒོས་སྐྱོབ་རོགས་འཚོལ་དགོས།
    ཆུ་བཤགས་ཏེ་ཉེན་ཐར་བྱེད་པ་གཏན་ནས་བྱ་མི་རུང་། གློག་རྒྱུག་ཡོད་པའི་གློག་སྡོང་དང་། ལྕགས་སྡོང་ལ་འགོས་མི་རུང་། མཐོ་གནོན་གློག་སྐུད་ལྕགས་སྡོང་ཕྱོགས་གཅིག་ལ་གཡོན་པའམ་ཡང་ན་གློག་སྡོང་གི་ཆད་སྣེ་མར་དཔྱང་ཡོད་ཚེ། ངེས་པར་མྱུར་དུ་རྒྱང་ལ་གཡོལ་ཏེ། གློག་གིས་བརྒྱག་པར་དོགས་ཟོན་བྱེད་དགོས།