མཚོ་བོད་ཚན་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་ཆེན་པོ་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

        སྤྱི་ཚེས་29ཉིན་འཚོགས་པའི་སྤྱི་ལོ་2023ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ཀྱི་གླེང་སྣེ་གསུམ་པའི་ཁོར་ཡུག་དང་ས་གོ་ལའི་མ་ལག་ཚན་རིག་ཅེས་པའི་ཡན་ལག་གླེང་སྟེགས་ཐོག ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་རུ་ཁག་གི་རུ་དཔོན། ཡོན་ཧྲེ་ཡའོ་ཐན་ཏུང་གིས། ཐེངས་གཉིས་པའི་མཚོ་བོད་ཚན་ཞིབ་ལས་དོན་སྤེལ་ནས་ལོ་དྲུག་སོང་རིང་། ཚན་ཞིབ་རུ་ཁག་གིས་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་འབེན་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་པར་གྲུབ་འབྲས་ཆེན་པོ་བཅུ་ཐོབ་ཡོད། འདི་དག་ནི།

        དང་པོ། མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་ཐད་ཁྲིམས་འཛུགས་ཚན་རིག་གི་གྲོས་འགོ་བཏོན་ནས་ས་མཐོའི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཞབས་ཞུ་བསྒྲུབས་པ།  

        གཉིས་པ། གནམ་གཤིས་འགྱུར་ལྡོག་དབང་གིས་ཡ་གླིང་ཆུ་མཛོད་ཀྱི་འབྱུང་ཁམས་དོ་སྙོམས་མིན་པར་གྱུར་བའི་ཁྱད་ཆོས་དང་ཤུགས་རྐྱེན་གསལ་བཤད་བྱས་ནས་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས་འཐབ་ཇུས་ལ་ཞབས་ཞུ་བསྒྲུབས་པ།

        གསུམ་པ། གནམ་གཤིས་འགྱུར་ལྡོག་འོག་གི་མཚོ་བོད་ས་མཐོའི་ཐཱན་འདུས་ནུས་པ་དང་འགྱུར་ལྡོག་ཁྱད་ཆོས་གསལ་སྟོན་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བའི་དམིགས་འབེན་མངོན་འགྱུར་ཆེད་ཞབས་ཞུ་བསྒྲུབས་པ།

        བཞི་པ། མཚོ་བོད་ས་མཐོའི་འབྱུང་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྱུར་ལྡོག་གསལ་པོ་ཤེས་པ་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་སྲུང་ར་ལེགས་སྒྲིག་ཐད་ཞབས་ཞུ་བསྒྲུབས་པ།

        ལྔ་པ། མཚོ་བོད་ས་མཐོའི་སྣུམ་རླངས་དང་གཏེར་ཁའི་ཐོན་ཁུངས་ཀྱི་མིག་སྔའི་གནས་ཚུལ་དང་ཕུགས་ཀྱི་དཔྱད་དཔོག་ཐད་ཀྱི་ལས་དོན་སྤེལ་ཏེ་རྒྱལ་ཁབ་འཐབ་ཇུས་ཀྱི་ཐོན་ཁུངས་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཞབས་ཞུ་བསྒྲུབས་པ།

        དྲུག་པ། ཁྲོན་བོད་ལྕགས་ལམ་ལམ་རྒྱུད་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁར་དཔྱད་དཔོག་བྱས་ནས་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་དང་སྐྱེལ་འདྲེན་བདེ་འཇགས་ལ་ཞབས་ཞུ་བསྒྲུབས་པ།

        བདུན་པ། མཚོ་བོད་ས་མཐོར་མིའི་རིགས་འཚོ་སྡོད་བྱེད་པའི་དཔང་རྟགས་གསར་པ་རྙེད་པ་བྱས་ནས་མཚོ་བོད་ས་མཐོའི་སྦགས་མེད་གོང་འཕེལ་དང་རྒྱུན་མཐུད་གོང་འཕེལ་ཡོང་རྒྱུར་ཞབས་ཞུ་བསྒྲུབས་པ།

        བརྒྱད་པ། རྒྱལ་སྤྱིའི་སྒྲིག་འཛུགས་དང་འཆར་འགོད་གོང་འཕེལ་འཐབ་ཇུས་ནང་ཞུགས་ཏེ་གོ་ལའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་པ།

        དགུ་པ། ས་གོ་ལའི་མ་ལག་གི་བང་རིམ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་དང་ཉེན་ཟོན་སྟེགས་བུ་བཏོད་དེ་རི་ཆུ་ནགས་ཞིང་དང་རྩྭ་མཚོ་བྱེ་འཁྱགས་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ཅན་གྱི་བཅོས་སྒྲིག་བྱ་རྒྱུར་ཞབས་ཞུ་བསྒྲུབས་པ།

        བཅུ་པ། བརྗིད་ཆེའི་ལས་འགན། ཇོ་རིའི་ཚན་ཞིབ་ཀྱིས་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པས་མཚོན་རྟགས་རང་བཞིན་ལྡན་པའི་ཚན་ཞིབ་བྱེད་སྒོའི་དཔེ་མཚོན་དུ་གྱུར་བ་བཅས་རེད།