ངོ་བརྫུས་པའི་མགོ་གཡོག་སྟངས་ལ་གཟབ་གཟབ་བྱོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར།

        མཉེན་ཆས་ཀྱི་ཐད་གཏོང་ནང་དུ། དངོས་ཟོག་འཚོང་མཁན་མང་བོ་སྐད་གྲགས་ཆེ་བའི་བུད་མེད་ཏག་ཏག་ཡིན། ཞིབ་ཏུ་བལྟས་ན། དེ་ཚོ་ནི་མིས་བཟོས་རིག་ནུས་སྤྱད་ནས་སྐབས་ཐོག་ངོ་རྫུ་བྱས་པའི་སྤྱིར་བཏང་གི་ཐད་གཏོང་བྱེད་མཁན་ཡིན་པ་དང་། ཁོ་ཚོས་སྒྱུ་རྩལ་པ་གྲགས་ཅན་ལ་བརྫུས་པ་ནི་ཐད་གཏོང་གི་དོ་ཁུར་བྱེད་ཚད་ཇེ་མཐོར་གཏོང་བ་དང་ཚོང་རྫས་སྔར་བས་མང་བོ་འཚོང་ཐུབ་པའི་ཆེད་དུ་རེད།

        ཉེ་ཆར། “AIངོ་རྫུ”ཡི་སྤྱོད་རྒྱ་ཇེ་ཆེ་ནས་ཇེ་ཆེ་ཡིན་པ་དང་། ཐ་ན་མི་ཁ་ཤས་ཀྱིསAIངོ་རྫུ་སྤྱད་ནས་མི་གཞན་ལ་མགོ་སྐོར་གཏོང་བའི་ནག་ཉེས་ཀྱང་བཟོ་བཞིན་ཡོད་པ་སྟེ། ཉེ་སྔོན། སྐྱེས་པ་ཞིག་ལ“AIངོ་བརྐུས”ཀྱིས་མགོ་སྐོར་ཐེབས་ནས་སྐར་མ10ཡི་ནང་ལ་སྒོར་ཁྲི430ཡི་གྱོང་གུད་བྱུང་བ་རེད།

        ངོ་མ་དང་རྫུན་མའི་དབྱེ་བ་འབྱེད་དཀའ་བ་འདི་ལ། ང་ཚོས་འགོག་ཟོན་ཇི་ལྟར་བྱེད་དམ་ཞེ་ན།

        གཅིག AIམགོ་སྐོར་གཏོང་བའི་བྱེད་ཐབས་གཙོ་བོ་འདི་དག་ཡིན་པ།

        བྱེད་ཐབས་དང་པོ། AIངོ་རྫུ་བྱེད་པ།

        མིའི་ངོ་མཐོང་བ་ནི་ཕ་རོལ་པོས་ཡིད་ཆེས་བྱེད་སླ་བའི་ཐབས་ཤེས་ཤིག་ཡིན། མགོ་སྐོར་གཏོང་མཁན་གྱིསAIལག་རྩལ་སྤྱད་ནས་ངོ་རྫུ་བྱས་ན། མི་སུ་ཞིག་ལའང་བརྫུས་ཐུབ་པ་དང་། དེ་ནས་བརྙན་ལམ་གྱིས་འབྲེལ་བ་བྱེད་པ་ལྟར་ཕ་རོལ་པོའི་འབྲེལ་ཡོད་ཆ་འཕྲིན་གཡོ་ལེན་བྱས་ཏེ་མགོ་སྐོར་གཏོང་བ་ཡིན།

        བྱེད་ཐབས་གཉིས་པ། གཞན་གྱི་སྐད་ལ་རྫུ་བ།

        མགོ་སྐོར་གཏོང་མཁན་གྱིས་དོན་མེད་ཁ་པར་གཏོང་བ་བརྒྱུད་ནས་ཁ་པར་ལེན་མཁན་གྱི་སྐད་སོགས་བསྡུ་རུབ་བྱེད་པ་དང་། དེ་ནས་ཡང་བསྐྱར་སྒྲིག་བཟོ་བྱས་པའི་སྐད་རྫུན་མ་སྤྱད་དེ་ཕ་རོལ་པོར་མགོ་སྐོར་གཏོང་བ་ཡིན།

        བྱེད་ཐབས་གསུམ་པ། སྐད་འཕྲིན་ནང་གི་སྐད་ཆ་བརྒྱུད་བསྐུར་བྱེད་པ།

        མགོ་སྐོར་གཏོང་མཁན་གྱིས་སྐད་འཕྲིན་ཨང་གྲངས་གཡོ་ལེན་བྱས་རྗེས། དེའི་གྲོགས་པོ་ལ“སྒོར་མོ་བསྐྱིས་པ”དང་། ཕ་རོལ་པོ་ཡིད་ཆེས་བར་བྱ་ཆེད། སྔོན་ཆད་བསྐུར་མྱོང་བའི་སྐད་ཆ་ཡང་བསྐྱར་བསྐུར་ནས་སྒོར་མོ་གཡོ་ལེན་བྱེད་པ་ཡིན།

        བྱེད་ཐབས་བཞི་པ། AIབྱ་རིམ་སྤྱད་ནས་མགོ་སྐོར་གཏོང་ཡུལ་བཙགས་འདེམས་བྱེད་པ།

        མགོ་སྐོར་གཏོང་མཁན་གྱིསAIལག་རྩལ་སྤྱད་ནས་མང་ཚོགས་ཀྱིས་དྲ་ཐོག་ཏུ་སྤེལ་བའི་ཆ་འཕྲིན་སྣ་ཚོགས་ལ་དབྱེ་ཞིབ་བྱས་པར་གཞིགས་ནས་མགོ་སྐོར་གཏོང་ཡུལ་གྱི་མི་ཚོགས་བཙགས་འདེམས་བྱེད་པ་དང་། དེ་ནས་དུས་ཚོད་ཐུང་ངུའི་ནང་ལ་མགོ་སྐོར་གཏོང་ཐབས་གང་ལེགས་ཤིག་སྒྲིག་བཟོ་བྱས་ཏེ་གནད་འཁེལ་མགོ་སྐོར་གཏོང་བ་ཡིན།

        གཉིས། AIམགོ་སྐོར་གཏོང་བ་ལ་འགོག་ཟོན་ཇི་ལྟར་བྱེད་དམ།

        ཀ ཕྱོགས་མང་བོ་ནས་ཐོབ་ཐང་ལ་ར་སྤྲོད་བྱེད་པ།

        གལ་ཏེ་མི་ཞིག་གིས་ཁྱོད་ལ་རང་ཉིད་གྱི་སྡོད་གནས་དང་སྐྱེས་སྐར་ཟླ་ཚེས། མིང་སོགས་དགོས་པའི་རེ་བ་འདོན་དུས། ངེས་པར་དུ་མཉམ་འཇོག་བྱ་དགོས།

        ཁ་པར་ཆ་མེད་ཡོང་བའམ་ཡང་ན་ཡུན་རིང་ལ་འབྲེལ་བ་མེད་པའི་མི་ཡིས་གློ་བུར་དུ་ཁ་པར་ཡོང་ན། མཉམ་འཇོག་བྱ་དགོས་པ་དང་། ཐ་ན་ངོ་ཤེས་པའི་མི་ཡིན་ནའང་། དེ་འདྲ་བྱ་དགོས། རྒྱུ་མཚན་ནི་ཁ་པར་གྱི་ངོས་སུ་ཤར་བའི་ཨང་གྲངས་ལ་རྫུན་བཟོ་བྱས་ཆོག་པ་ཡིན།

        དྲ་ཐོག་ནས་སྒོར་མོ་བསྐུར་བ་སོགས་བྱེད་ན། སྔོན་ལ་ཁ་པར་གཏོང་བ་སོགས་བྱེད་ཐབས་མང་བོའི་ཐོག་ནས་ཕ་རོལ་པོའི་ཐོབ་ཐང་ར་སྤྲོད་བྱ་དགོས། གལ་ཏེ་ཉེན་ཁ་ཡོད་པ་ཤེས་ན། འཕྲལ་མར་ཉེན་རྟོག་པར་ཁ་པར་གཏང་དགོས།

        ཁ རང་ཉིད་ཀྱི་ཆ་འཕྲིན་ལ་བདག་པོ་བཟང་བོ་བྱེད་པ་དང་བསླུ་བྲིད་འོག་ཏུ་མི་ཚུད་པར་བྱེད་པ།

        དོན་དག་གལ་ཆེན་མིན་ན། རང་ཉིད་ཀྱི་ངོ་རིས་དང་མཛུབ་རིས་སོགས་ཏེ་མི་སྒེར་གྱི་སྐྱེ་དངོས་ཆ་འཕྲིན་མི་གཞན་ལ་བསྡུ་རུབ་བྱེད་དུ་མི་འཇུག་པ་དང་། ལྷག་པར་དུ་རང་ཉིད་ཀྱི་འགུལ་རིས་དང་བརྙན་རིས་སོགས་ཚད་ལས་བརྒལ་བའི་ངང་ཁྱབ་སྒྲོག་བྱེད་མི་རུང་།

        ཆ་མེད་སྦྲེལ་ཐག་གི་ཁ་མི་འབྱེད་པ་དང་། ཆ་མེད་མཉེན་ཆས་ཕབ་ལེན་མི་བྱེད་པ། ཆ་མེད་གྲོགས་པོ་གང་འདོད་དུ་ནང་འཇུག་བྱེད་མི་རུང་།

        གཞན་ད་དུང་ཁ་པར་དང་གློག་ཀླད་ལ་ནད་དུག་ལ་ཕོག་པ་དང་། སྐད་འཕྲིན་དངQQཨང་གྲངས་གཞན་གྱིས་བརྐུས་པ་བཅས་ཀྱི་གནས་ཚུལ་ཡང་འབྱུང་མི་ཐུབ་པར་བྱ་དགོས།

        ག བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ།

        སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་གསུམ་ལ་བདེ་འཇགས་རྩིས་ཐེམ་མེད་པ་དང་། ཉེན་རྟོག་པས་དྲ་ཐོག་ནས་གྱོད་དོན་ཐག་གཅོད་དེ་བས་ཀྱང་མི་བྱེད་པ་ཡིན།

        གལ་ཏེ། དྲ་རྒྱའི་ཉེན་རྟོག་པས་ཁྱོད་ཀྱིས་གྱོད་དོན་བཟོས་འདུག་ཅེས་བཤད་ནས་ཁོས་ཁྱོད་ཡོད་སའི་མངག་གཏོང་ཁང་ལ་འབྲེལ་བ་བྱ་རྒྱུ་ཟེར་ན། ཁྱོད་ཀྱིས་ཀྱང110ལ་ཁ་པར་བཏང་ནས་འདྲི་རྩད་བྱས་ན་ཆོག་པ་ཡིན།

        གཞན་ད་དུང་སྟབས་མ་ལེགས་པར་མགོ་སྐོར་ཐེབས་པའམ་ཡང་ན་མགོ་སྐོར་གཏོང་བ་འདྲ་བའི་གནས་ཚུལ་ལ་འཕྲད་ན་ཡང་། དཔང་དངོས་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ་འཕྲལ་མར96110ལ་ཁ་པར་བརྒྱབ་ནས་ཉེན་བརྡ་བཏང་ཆོག