འཇོལ་ཨ་ཏུན་ཙི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-02   རྩོམ་ཁུངས།    བདེ་ཆེན་སློབ་སྦྱོང་ལྟེ་གནས།


 ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་ཁག་ཚང་མར་གྱོན་ཆས་རིག་གནས་མི་འདྲ་བ་རེ་ཡོད། བདེ་ཆེན་ཁུལ་འཇོལ་རྫོང་བོད་རིགས་བུད་མེད་ཀྱི་གྱོན་ཆས་ལ་རིགས་མི་འདྲ་བ་གཉིས་སུ་དབྱེ་སྲོལ་ཡོད་པ་སྟེ། རྫ་ཆུའི་འབབ་རྒྱུད་ཀྱི་བོད་རིགས་བུད་མེད་ཀྱི་རྒྱན་གོས་དང་། དེ་བཞིན་འབྲི་ཆུའི་འབབ་རྒྱུད་ཀྱི་ཀོང་རྩེད་ར་གྲོང་རྡལ་དང་ཐང་སྟེང་ཤང་གི་བོད་རིགས་བུད་མེད་ཀྱི་རྒྱན་གོས་གཉིས་རེད། འདིར་འཇོལ་རྫོང་ཨ་ཏུན་ཙིའི་བོད་རིགས་བུད་མེད་ཀྱི་རྒྱན་གོས་རིག་གནས་སྐོར་ལ་རོལ་མྱོང་ཐེངས་ཤིག་བྱོས་དང་།  འདིས་ཀྱང་ཁྱེད་ཀྱི་ཡིད་དབང་འཕྲོག་པར་བྱེད།