ས་ཆ་འདི་ནས་ས་གཤིས་རྗེས་ཤུལ་རྩ་ཆེན་ཞིག་རྙེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-06-01   རྩོམ་ཁུངས།    མི་དམངས་དྲ་བ།

 ཟླ་5ཚེས་27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཁམས་ར་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་ས་གཤིས་སློབ་ཆེན་(པེ་ཅིང)གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་ཐེན་མིང་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་དགུ་རོང་ཁོག་ནི་ཧིན་ཀྲི་འགུལ་སྐྱོད་དུས་སྐབས་ཀྱི་ས་གཤིས་ཟིན་ཐོ་ཆ་ཚང་ཉར་ཚགས་ཐུབ་ཡོད་པའི་ས་ཁུལ་ཞིག་ཡིན་པ་སྐབས་དེའི་ས་གཤིས་ཀྱི་སློབ་དེབ་ཡིན་ཟེར་སྲོལ་ཡོད། དམེ་ཤུལ་རི་བོ་ནི་ཀུའུ་ཐེ་ཐི་སི་ཧའེ་ཡི་ས་ཁུལ་མཐའ་མ་དེ་ཡིན་ཞིང་། དེ་ནི་གནའ་བོའི་མེ་རིའི་ས་གཤིས་ཆགས་ཚུལ་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚོད་ལྟ་ཁང་རེད།