སློབ་མའི་བདེ་འཇགས་ཐད་ཀྱི་ཉེན་ཟོན་ཉེན་བརྡ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-29   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

    ཉེ་དུས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དྲོད་ཚད་ཆེ་རུ་འགྲོ་བ་དང་། འབྲུབ་ཆུ་རྒྱས་ལ་ཉེ་བ། ཆུར་ལྷུང་བའི་དོན་རྐྱེན་ཐོན་མང་བ་བཅས་ཀྱི་དུས་ལ་སླེབས་པ་དང་བསྟུན་ནས། སློབ་མའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད་སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིས་སྤྱི་ཟླ5པའི་ཚེས25ཉིན་སློབ་མ་ཆུར་ལྷུང་བའི་སྔོན་འགོག་བྱ་བའི་ཉེན་ཟོན་ཉེན་བརྡ་བཏང་བ་དང་། ས་གནས་ཁག་གིས་གྲོང་གསེབ་ས་ཁུལ་གྱི་སློབ་གྲྭ་དང་། གྲོང་ཚོའི་ཉེ་འཁོར། སློབ་གྲྭར་སྐྱོད་སའི་ལམ་རྒྱུད་ཀྱི་ཆུ་ཁོངས་བཅས་གཙོ་གནད་དུ་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་དང་། བདེ་འཇགས་ཉེན་བརྡའི་མཚོན་རྟགས་འཐུས་ཚང་དུ་གཏོང་བ། བདེ་འཇགས་འགོག་སྲུང་སྒྲིག་བཀོད་བཀོད་སྒྲིག་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།


    ཉེན་ཟོན་བརྡ་ཐོའི་ནང་། སློབ་གྲྭས་སློབ་གྲྭ་གྲོལ་བ་དང་གུང་གསེང་མ་བཏང་གོང་སོགས་འགག་རྩའི་དུས་ཚིགས་སུ། ཆུར་ལྷུང་བར་སྔོན་འགོག་ཆེད“མི་བྱེད་པ་དྲུག”གི་དྲིལ་སྒྲོག་ཡག་པོ་བྱས་ཏེ། ཆུར་ལྷུང་བའི་སྔོན་འགོག་གི་བདེ་འཇགས་རྒྱུན་ཤེས་ངོ་སྤྲོད་བྱེད་པ་དང་ཆུར་ལྷུང་བའི་སྔོན་འགོག་གི་སློབ་གསོ་སློབ་མ་མི་རེ་རེར་དོན་འཁྱོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གིས་ཁྱིམ་བདག་ལ་འཕྲིན་ཡིག་དང་། འཕྲིན་ཐུང་། འཕྲིན་ཕྲན་སོགས་ཀྱི་བྱེད་ཐབས་ཐོག་ནས་གསལ་འདེབས་བྱེད་དགོས་པ་དང་ཁྱིམ་བདག་གིས་ཀྱང་བྱིས་པ་ཆུར་ལྷུང་བར་སྔོན་འགོག་གི་སློབ་གསོ་དང་དོ་དམ་ལ་ཤུགས་བསྣན་ནས། སློབ་གྲྭ་གྲོལ་རྗེས་དང་གཟའ་མཇུག  དུས་ཆེན་དང་གུང་གསེང་རིང་བཅས་ཀྱི་བདེ་འཇགས་དོ་དམ་དང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།