མགོ་ལོག་པད་མའི་དཔྱིད་ཀའི་ཇ་ཕོར་དང་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།






    ཟླ5པའི25ཚེས་ཉིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་སྐབས་ལྔ་པའི་གངས་ལྗོངས་བོད་ཇ་འཐུ་བའི་དུས་ཆེན་པད་མ་རྫོང་སྨར་ཁོག་གཙང་བའི་འགྲམ་བརྒྱུད་ནས་མགོ་ཚུགས། ས་གནས་མང་ཚོགས་ཀྱིས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་དཔྱིད་ཀྱི་ཇ་ལོ་དང་པོ་བསྔོས་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོར་དྲངས་ཤིང་། ཇ་ཕོར་དང་པོ་དེ་ལ་དགའ་བསུ་ཆེན་པོ་ཐོབ། ཇ་ལོ་འདེབས་པའི་མི་སྣའི་བཤད་ན། པད་མ་རྫོང་གིས་སྨར་ཁོག་གཙང་པོའི་ངོགས་གཉིས་ཀྱི་ཞིང་ས་མུའུ་ཁྲི1ཡས་མས་ལྷག་ལ་གངས་ལྗོངས་བོད་ཇ་བཏབས་པ་དང་། ས་གནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཕན་བཟང་བོ་ཐོགས་བཞིན་ཡོད།  །