ཞི་ཅིན་ཕིང་གིས་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་ཐད་འདི་འདྲ་གསུངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-24   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

    སྤྱི་ཟླ་5ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2023ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས། མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་རེད། གོང་འཕེལ་ནི་མི་དམངས་བདེ་སྐྱིད་ཡོང་བ་བྱེད་པའི་འགག་རྩ་དེ་རེད། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འོག བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་། སྙིང་རུས་ཆེར་བསྐྱེད་ཀྱིས་འབད་འབུངས་བྱས་ཏེ། བོད་ལྗོངས་ནས་ལོ་ངོ་སྟོང་ཕྲག་རིང་ཐག་གཅོད་མ་ཐུབ་པའི་ལྟོས་མེད་དབུལ་ཕོངས་གནད་དོན་ཡོངས་སུ་ཐག་གཅོད་བྱས་ཤིང་། རྒྱལ་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་ཐུབ་ཡོད་པ་དང་། སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཕྱུག་པའི་དར་རྒྱས་ཀྱི་རྣམ་པ་མངོན་ཡོད་ཅེས་བསྟན་ཡོད།
     ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག བོད་ལྗོངས་ནས་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གྱིས། སྤུས་མཐོའི་གོང་འཕེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། མི་དམངས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་འདུག
     སྤྱི་ལོ་2023ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་ཤིང་།  བརྗོད་དོན་གཙོ་བོ་ནི་དུས་རབས་གསར་པ། བོད་ལྗོངས་གསར་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། སྤུས་ཚད་མཐོ་བའི་བོད་ཀྱི་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་ལེའུ་གསར་པ་ཞེས་པ་དེ་ཡིན་པ་དང་། སྤྱི་ཚེས་23ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། །