བོད་ལྗོངས་ཀྱི་དངོས་མང་བཤམས་སྟོན་ཁང་དུ་སྐྱོད་ནས་ཀྲུང་ཧྭའི་དཔལ་ཡོན་ཉམས་ལེན་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།



པར་འདི་ནི་དམའ་འབྲིང་སློབ་མ་ཞིག་གིས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་བཤམ་རྫས་ལ་ལྟ་བཞིན་པའི་རྣམ་པ་རེད།

     དངོས་མང་བཤམས་སྟོན་ཁང་ནི་འདས་ཟིན་པ་དང་ད་ལྟ་བ། མ་འོངས་བ་བཅས་སྦྲེལ་མཐུད་ཀྱི“ཟམ་པ”ལྟ་བུ་ཞིག་ཡིན། མིག་སྔར་བོད་རང་སྐྱོང་ལྗོངས་སུ་གཞི་ཁྱོན་ངེས་ཅན་ལྡན་པའི་དངོས་མང་བཤམས་སྟོན་ཁང20ལྷག་ཡོད། 2023ལོའི་ཟླ5པའི་ཚེས18ཉིན་ནི“རྒྱལ་སྤྱིའི་དངོས་མང་བཤམས་སྟོན་ཁང་ཉིན་མོ”ཐེངས47པ་ཡིན་ལ། ཉིན་འདིར་བོད་ལྗོངས་སུ་མངའ་རིས་དངོས་མང་བཤམས་སྟོན་ཁང་དང་བོད་ལྗོངས་དོག་སྡེའི་དངུལ་སྒོར་དངོས་མང་བཤམས་སྟོན་ཁང་སོགས་ཀྱི་སྒོ་ཕྱེས།

པར་འདི་ནི་ཟླ5པའི་ཚེས18ཉིན་སྒོ་ཕྱེས་པའི་མངའ་རིས་དངོས་མང་བཤམས་སྟོན་ཁང་གི་ཕྱིའི་བཀོད་པ་རེད།

པར་འདི་ནི་ཡུལ་སྐོར་བས་བོད་ལྗོངས་དོག་སྡེའི་དངུལ་སྒོར་དངོས་མང་བཤམས་སྟོན་ཁང་དུ་དངུལ་སྒོར་ལུགས་ཆས་རིག་དངོས་ལ་ལྟ་བཞིན་པའི་རྣམ་པ་རེད།

    བདེ་སྐྱིད་ལྡན་པའི་འཚོ་བའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱས་པ་བརྒྱུད། མི་རྣམས་ཀྱིས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ངོས་མཐོང་བ་དང་ཀྲུང་ཧྭའི་དཔལ་ཡོན་ཉམས་ལེན་ཐུབ་པ་མ་ཟད། ད་དུང་བོད་ལྗོངས་ཀྱི་རིག་གནས་སྔ་མོ་ནས་མི་རིགས་སོ་སོའི་རིག་གནས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ཕུང་བོའི་ནང་དུ་འདྲེས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་བྲལ་ཐབས་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ཚོར་ཐུབ།

པར་འདི་ནི་སློབ་མ་ཞིག་གིས་བོད་ལྗོངས་འབྲི་གཡག་དངོས་མང་བཤམས་སྟོན་དུ་བཤམ་རྫས་པར་ལེན་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཡུལ་སྐོར་བས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་རྒྱ་བཟའ་ཀོང་ཇོ་བོད་དུ་སྐྱོད་པའི་རྣམ་པར་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཡུལ་སྐོར་བས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་དམའ་འབྲིང་སློབ་མ་གཉིས་ཀྱིས་བོད་ལྗོངས་འབྲི་གཡག་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།

    དེང་སྐབས། རིགས་ཁག་གི་དངོས་མང་བཤམས་སྟོན་ཁང་བོད་ལྗོངས་ཀྱི་ས་གནས་སྡོད་དམངས་དང་ས་ཆ་གཞན་དག་གི་ཡུལ་སྐོར་བའི་གཟིགས་སྐོར་བྱང་བུ་རྒྱག་སར་གྱུར་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་ཁོ་ནས2023ལོའི་ཟླ1པོ་ནས་ཟླ4པའི་བར་ལྟ་སྐོར་བ་མི་ཐེངས105936སྣེ་ལེན་བྱས། །

པར་འདི་ནི་ཡུལ་སྐོར་བས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་རྣམ་པ་རེད།