བདེ་ཆེན་ནས་2023ལོའི་ལུས་རྩལ་འགྲན་ཚོགས་དང་ཡུལ་སྐོར་ཉིན་མོ་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ




    ཟླ5པའི་ཚེས་19ཉིན། 2023ལོའི་སེམས་ཀྱི་ཉི་ཟླའི་ཕྱི་རོལ་ལུས་རྩལ་ཚོགས་ཆེན་དང་ཀྲུང་གོའི་ཡུལ་སྐོར་ཉིན་མོའི་བྱེད་སྒོ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཞྭ་རྡོ་མཚོའི་འགྲམ་དུ་འགོ་ཚོགས་པ་རེད།

    བྱེད་སྒོ་དེ་ནི་ཡུན་ནན་ཞིང་ཆེན་ལུས་རྩལ་ཅུས་དང་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་དུ་སྒྲུབ་པ་དང་།  དམིགས་འབེན་ནི་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུན་ནན་དུ་བརྟག་དཔྱད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཡུན་ནན་ཞིང་ཆེན་གྱི་“3815”འཐབ་ཇུས་དོན་འཁྱོལ་མཐར་ཕྱིན་བྱེད་པ།  དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འཛམ་གླིང་གི་“སེམས་ཀྱི་ཉི་ཟླ”་དང་འཛམ་གླིང་གི་རྐང་ཐང་གནས་མཆོག་གཏོད་དེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུན་ནན་འདི་ཉིད་མི་ཚང་མས་ཡིད་སྨོན་བྱེད་པའི་བདེ་ཐང་འཚོ་བའི་དམིགས་སར་འགྱུར་རྒྱུར་སྐུལ་འདེད་བཏང་ནས། བདེ་ཆེན་ལུས་རྩལ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་བདེ་ཆེན་གྱི་ལུས་རྩལ་ཡུལ་སྐོར་ཐོན་ཁུངས་དེ་བས་མང་བ་ཐུན་མོང་ཐོག་འོས་སྦྱོར་བྱས་ཏེ་མི་དེ་བས་མང་བས་སེམས་ཀྱི་ཉི་ཟླ་ཚོར་ཐུབ་པ་དང་སེམས་ཀྱི་ཉི་ཟླར་བསྐྱོད་དེ་སེམས་ཀྱི་ཉི་ཟླར་མྱོང་ཚོར་ཐུབ་པ་བྱེད་པ་དེ་ཡིན། ཟླ་5པའི་ཚེས་19ཉིན་ནས་ཟླ་6པའི་ཚེས་2ཉིན་བར། བདེ་ཆེན་ལུས་རྩལ་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་འོས་སྦྱོར་དང་མི་རིགས་གླུ་གར་འཁྲབ་སྟོན། སྐྱེ་ཁམས་ལུས་རྩལ་སྤྱི་གླིང་གི་རྐང་ཐང་འགྲན་བསྡུར། ཀོ་གྲུ་དང་རྐང་འཁོར་བྱེས་བགྲོད་རྟ་ཞོན་ཉམས་ལེན་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་རྒྱུ་ཡིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།འབའ་ལུང་རྫོང་། འཇོལ་རྫོང་བཅས་ཀྱི་ཡན་ལག་ཚོགས་རས་ཀྱང་ཧ་པ་རི་བོའི་དུས་ཆེན་དང་གཙང་གསུམ་དུ་བསྐྱོད་པ། གླེགས་བམ་དུ་རྐང་ཐང་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

    

    རྐང་ཐང་བསྐྱོད་རྒྱུར་དགའ་པོ་བྱེད་མཁན་མང་པོ་ཞིག་གིས་སྒྲིག་ཆས་གྲལ་འགྲིག་པ་དང་ཡིད་ཆེས་ཆེན་པོས་མཛེས་སྡུག་ལྡན་པའི་མྱི་ཟུར་་གྲོང་ཚོར་སྐྱོད་བཞིན།