ཁྲི་ཀ་རྫོང་མགོན་རྒྱལ་སྡེ་བས་ཕྱུག་བསྒྱུར་གྱི་གླུ་དབྱངས་གྱེར་ནས་མཐུན་སྒྲིལ་གྱི་ལམ་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-22   རྩོམ་ཁུངས།    མི་དམངས་དྲ་བ།

    2021ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མགོན་རྒྱལ་སྡེ་བའི་ཨུ་ལྷན་གཉིས་ཀྱི་གྲོས་ཚོགས་ཤིག་གི་རྗེས་སུ། ཡའོ་ཧུང་ཞོན་གྱིས་ཁོས་ལོ5རིང་གཉེར་སྐྱོང་བྱས་པའི་རས་གུར་སྒར་ས་དེ་སྡེ་བའི་ཐུན་མོང་ལ་སྤྲད་པ་རེད།

འདིར་ཐེ་ཚོམ་བྱེད་དགོས་དོན་ཅི་ཡང་མེད་དེ། ང་ནི་ཏང་ཡོན་ཞིག་ཡིན་པས། ངེས་པར་དུ་སྡེ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས་ཞེས་ཡའོ་ཧུང་ཞོན་གྱིས་བཤད་པ་དང་། སྡེ་བར་སྤྲད་རྗེས་རང་ཉིད་ཀྱིས་གཉེར་སྐྱོང་བྱེད་པ་ལས་དགེ་མཚན་མང་པོ་ལྡན་པ་ཡིན་ཏེ། གཅིག་ནི་གཉེར་སྐྱོང་གཞི་ཁྱོན་ཅན་དུ་འགྱུར་སྲིད་པ་དང་། གཉིས་ནི་སྔར་ལས་ཉམས་མྱོང་ལྡན་པའི་མི་སྣས་འགན་ཁུར་ཆོག་ལ། གསུམ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་མང་དུ་སོང་སྟེ་ཁེ་སྤོགས་བགོས་ཆོག་པ་བཅས་ཡིན་ཟེར།

    1.jpg

མགོན་རྒྱལ་སྡེ་བའི་སྒར་ས།

    སྒར་ས་དེ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་དུ་བསྒྱུར་རྗེས་དེའི་གྲུབ་འབྲས་ཀྱིས་ཡའོ་ཧུང་ཞོན་ལ་ཡིད་ཕམ་དུ་བཅུག་མྱོང་མེད་ལ། 2021ལོར་ས་དེའི་ཡོང་འབབ་སྒོར་ཁྲི1.8ནས་སྒོོར་ཁྲི21ལ་འཕར་ཡོད།

    ཡའོ་ཧུང་ཞོན་གྱིས་བཤད་པའི་ཉམས་མྱོང་ལྡན་པའི་མི་ཞེས་པ་ནི་མགོན་རྒྱལ་སྡེ་བའི་སྡེ་དཔོན་ཚེ་དབང་རྡོ་རྗེ་བཤད་པ་ཡིན། 2017ལོར། ཕྱི་ཡུལ་ནས་ལོ་ངོ20ལྷག་གི་རིང་ལ་ལས་སྐྲུན་བྱས་པའི་ཚེ་དབང་རྡོ་རྗེ་ཕྱིར་ཕ་ཡུལ་དུ་ལོག་ནས་སྡོད་ཁང་ཞིག་གསོ་བྱས་རྗེས། སྡེ་མི་རྣམས་ཀྱིས་ཁོ་རང་ཕྱིར་འགྲོ་རུ་མ་བཅུག དང་ཐོག་ངས་ཕྱི་ནས་ཞོར་ལས་བྱས་པ་ཡིན་ལ། རྗེས་སུ་གྱོན་ཆས་དང་ཡུལ་སྐོར། སྨན་རྫས། ནུས་ཁུངས་གསར་བའི་རླངས་འཁོར་སོགས་ལས་གཞི་མང་པོ་ཞིག་ལས་མྱོང་ལ། སྡེ་མི་རྣམས་ཀྱིས་ང་ནི་ཕྱུག་བསྒྱུར་མཁན་ཞིག་ཡིན་པས་ཕྱིར་འགྲོ་རུ་མ་བཅུག་ཞེས་ཚེ་དབང་རྡོ་རྗེས་དགོད་ཞོར་དུ་བཤད།

2.jpg

མགོན་རྒྱལ་སྡེ་བའི་སྒར་སའི་ཤིང་ཁང་།

    མེ་འཁོར་གྱི་འགྲོས་མགྱོགས་པ་ནི་ཚང་མ་མེ་འཁོར་མགོས་སྣེ་ཁྲིད་པས་ཡིན། ཉེ་བའི་ལོ་འགའི་རིང་། མགོན་རྒྱལ་སྡེ་བས་དམིགས་བསལ་གསུམ་དང་སྟོབས་ལྡན་གསུམ། ཉམས་སེལ་ཐེག་ཐུབ་པ་གསུམ་གྱི་བླང་བྱ་ལྟར། སྐབས་བརྗེ་ལས་དོན་གྱི་འདེམ་སྒུག་སྤུས་ཚད་གཟབ་ནན་དུ་བཏང་ནས་བདེ་བླག་ངང་འགན་ཐེངས་གཅིག་མངོན་འགྱུར་བྱས་ལ། སྐབས་གསར་པའི་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མིའི་ཆ་སྙོམས་ཀྱི་ལོ་ཚོད་ནི་ལོ40ཡིན་ཞིང་། ཞིབ་འཇུག་སློབ་མའི་བསླབ་གནས་དང་ལོ་མང་རིང་ཡུལ་སྐོར་ལས་དོན་གཉེར་མྱོང་བའི་ཆེད་ལས་མི་སྣ1བསྡུ་ལེན་བྱས་ཏེ། སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་མཐུན་སྒྲིལ་དངོས་བརྩོན་གྱི་གོམས་སྲོལ་རིམ་བཞིན་ཆགས་པ་དང་། ལས་སྒྲུབ་ལས་སྐྲུན་གྱི་མཐོང་ལམ་སྔར་ལས་རྒྱ་ཆེར་སོང་ནས་ཕྱོགས་བསྡུས་སྤུས་ཚད་ཕན་ནུས་ལྡན་པའི་སྒོ་ནས་མཐོར་འདེགས་བྱུང་ལ། ཚན་ཁག་གི་འཐབ་རྩོད་བཙན་རྫོང་གི་བྱེད་ནུས་སྔར་བས་མངོན་གསལ་དུ་གྱུར།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས། མགོན་རྒྱལ་སྡེ་བའི་ཨུ་ལྷན་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཚན་ཁག་སྟོབས་ལྡན་དང་དཔུང་སྡེ་ལེགས་བཅོས། སྲོལ་བརྗེ་ལུགས་བསྒྱུར། ཐོན་ལས་སྟོབས་ལྡན་སོགས་དངོས་བརྩོན་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། ཞན་ཆ་གསབ་པ་དང་ཉམས་ཞན་བསྒྱུར་ཏེ། བསྒྱུར་བཅོས་ལ་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། སྡེ་བའི་རྣམ་པ་གསར་བསྒྱུར་བྱས་ནས་ཉེ་རིང་ཀུན་ཏུ་མིང་ཏུ་གྲགས་པའི་མིག་དཔེར་གྱུར་ཡོད།

    ད་ལྟའི་མགོན་རྒྱལ་སྡེ་བས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐོན་ཁུངས་དགེ་མཚན་དང་ས་ཁམས་ཀྱི་ལེགས་ཆར་བརྟེན་ནས། ཤུགས་ཆེན་པོས་གསོ་སྤེལ་དང་སྨན་རྩྭ་འདེབས་འཛུགས། ཤང་སྡེ་ཡུལ་སྐོར་བཅས་འཕེལ་རྒྱས་སུ་བཏང་བ་མ་ཟད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གོ་སྐབས་དང་བསྟུན་ནས། མཚོ་ལྷོ་ཁུལ་གྱི་འོད་ནུས་ཐོན་ལས་གླིང་ལ་མ་རྐང་བཞག་པ་དང་། སྡེ་བའི་ཐུན་མོང་ཡོང་འབབ་དེ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཤང་མངའ་ཁོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད།

3.jpg

མགོན་རྒྱལ་སྡེ་བའི་ཉེ་འགྲམ་གྱི་གངས་རི།

    ཉེ་བའི་ལོ་འདི་འགར་ང་ཚོ་འཕེལ་རྒྱས་སུ་སོང་བ་ཧ་ཅང་ལེགས་ཤིང་། དེའི་རྒྱུ་མཚན་ཅིག་ནི་ང་ཚོ་སྡེ་བའི་མཐུན་སྒྲིལ་ཧ་ཅང་དམ་པ་དེ་ཡིན། ཚེ་དབང་རྡོ་རྗེས་འཕེལ་རྒྱས་གླེང་དུས། ཡང་དེའི་རྒྱུ་རྐྱེན་གལ་ཆེན་ཞིག་སྟེ་མི་རིགས་མཐུན་སྒྲིལ་གླེང་བྱུང་།

མགོན་རྒྱལ་སྡེ་བ་ནི་རྒྱ་རིགས་དང་བོད་རིགས་འདུས་སྡོད་བྱེད་པའི་སྡེ་བ་ཞིག་ཡིན་མོད། འོན་ཀྱང་སྡེ་བའི་ནང་གི་སྡེ་མི་རྣམས་ཕན་ཚུན་ལ་དེ་འདྲའི“སྣང་དོགས”ཅི་ཡང་མི་བྱེད་དེ། ཚང་མས་བློ་ཁ་གཅིག་ཏུ་ཕྱོགས་ནས་ནུས་ཤུགས་མཉམ་འདོན་བྱེད་བཞིན་ཡོད་པ་དང་། དོན་དག་མང་བའི་གཉེན་སྟོན་དང་ཤིད་དོན་ཐད་ང་ཚོའི་སྡེ་བའི་མི་རིགས་གཉིས་ཀ་ཕན་ཚུན་ལ་རོགས་སྐྱོར་བྱེད་པ་ཡིན། དཔེར་ན་སྡེ་བའི་རྒྱ་རིགས་ཁྱིམ་ཚང་ཞིག་གིས་གཉེན་སྟོན་སྒྲུབ་ནས་ལས་རོགས་མ་འདང་ཚེ། བརྡ་ཞིག་བརྒྱབ་ན་སྡེ་བའི་བོད་རིགས་ཁྱིམ་ཚང་གི་གསར་བུ་རྣམས་རོགས་རམ་ལ་འགྲོ་ངེས་ཡིན་ཟེར།

    སྣེ་ཁྲིད་མཁན་ཡོད་ཚེ། ད་གཟོད་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་། སྡེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པོའང་རང་ཤུགས་སུ་འབྱུང་ངེས་ཡིན། ང་ཚོས་ན་ནིང་སྡེ་བའི་ཐུན་མོང་གི་ཡོང་འབབ་སྒོར་ཁྲི48མངོན་འགྱུར་བྱས་པ་དང་། མང་ཚོགས་ལ་སྒོར་ཁྲི5བགོ་སྤྲོད་བྱས་ཤིང་། ཆ་སྙོམས་ཀྱིས་སྡེ་བའི་མི་རེར་སྒོར་ཁྲི1.6གི་ཡོང་འབབ་ཡོད་ཅེས་ཚེ་དབང་རྡོ་རྗེས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་གྲུབ་འབྲས་མཚམས་སྦྱོར་བྱེད་སྐབས་སྤོབས་སེམས་ཆེན་པོས་བཤད། །