བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་སླར་གསོ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 གནམ་གཤིས་བཟང་པོས་ཕྱིར་ཡུལ་སྐོར་ལ་འགྲོ་བའི་ཚ་རླབས་འཕྱུར་དུ་བཅུག  དབྱར་ཚུགས་རྗེས། མི་རྣམས་ཕྱིར་ཡུལ་སྐོར་ལ་འགྲོ་བའི་སྤྲོ་སྣང་རྒྱུན་མཐུད་ངང་འཕེལ་བཞིན་ཡོད། ཉིན་ཤས་བསྟུད་མར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་ཁུལ་མང་པོས་ཡུལ་སྐོར་བ་མང་པོ་ཞིག་ལ་བསུ་བ་ཞུས་པས།    རིག་གནས་དང་ཡུལ་སྐོར་ཁྲོམ་ར་སླར་གསོ་ཆེན་པོ་བྱུང

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་མཛེས་ལྗོངས་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་3ཙམ་རིང་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་1.6ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    ཟླ་5པ་ནས་བཟུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྔར་བས་མཛེས་སྡུག་ལྡན་པ་སྟེ། དྭངས་ཤིང་གཙང་བའི་མཚེའུ་དང་སྔོ་ལྗང་གི་གདོད་མའི་ནགས་ཚལ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གི་ཡིད་དབང་འཕྲོག་པས། ཡུལ་སྐོར་བ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་ས་མཐོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་འདི་ལ་བལྟས་པ་རེད།