ཤིང་ཕོར་གྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་རོགས་རམ་བྱེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡེ་ཤེས་བོད་ཀྱི་རིག་གནས་ཐོན་ལས་ཚད་ཡོད་ཀུང་སིར་བསྐྱོད་སྐབས། བཟོ་པ་ཚོས་རང་འགན་རང་འཁུར་དང་གོ་རིམ་ལྡན་པའི་སྒོ་ནས་སྲོལ་རྒྱུན་གྱི་བོད་བཟོའི་ཤིང་ཕོར་ལས་སྣོན་བྱེད་བཞིན་ཡོད། བཟོ་སྐྲུན་ཁང་དུ་བཟོ་པའི་ལག་པས་བརྡར་བ་བརྒྱུད།  ཤིང་ཕོར་གྱི་མཛེས་སྡུག་ལ་གནོད་པའི་འབུར་རེ་རེ་མེད་པར་བཟོ་བཞིན་ཡོད། ཁང་པ་གཞན་ཞིག་གི་ནང་ཚོན་རྩི་གཏོང་མཁན་གྱིས་ལག་པ་གཅིག་གིས་དཀར་ཡོལ་བཟུང་བ་དང་ལག་པ་གཅིག་གིས་ཚོན་རྩི་གཏོང་བཞིན། ཤིང་ཕོར་ལ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་རིས་བྲིས་ཡོད།


        ཀོང་རྩེད་ར་གྲོང་རྡལ་གྱི་ཤིང་བཟོའི་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེའི་ཐུན་མོང་མ་ཡིན་པའི་རྩེར་སོན་གྱི་ལག་རྩལ་དང་བཟོ་དབྱིབས། ཚོན་རྩི་གཏོང་ཆས་ལ་བརྟེན་ནས་བོད་རིགས་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།


        བློ་བཟང་ཡེ་ཤེས་ཀྱིས་2004ལོའི་ཟླ་9པར་ཡེ་ཤེས་བོད་ཀྱི་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་ནས་ཆེད་མངགས་ཤིང་བཟོའི་ཐོན་རྫས་ཐོན་སྐྱེད་ལས་སྣོན་དང་། བྲིན་ཚོང་བྱས་ཏེ་ཐོན་རྫས་ལ་རྩམ་ཕོར་དང་། ཤིང་ཕོར། ཁྱིམ་ཆས། ཇ་འཐུང་བྱེད་ཀྱི་ཡོ་བྱད་སོགས་སྣ་ཁ་60ལྷག་ཙམ་ཚུད་ཡོད། ཐོན་རྫས་མཚོ་སྔོན་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ་སོགས་ཀྱི་ས་ཁུལ་དུ་ཕྱིར་འཚོང་བྱེད་ཀྱི་ཡོད། 2023ལོའི་ཟླ་དང་པོར་ཡེ་ཤེས་ཤིང་ཕོར་བཟོ་རྩལ་དེ་ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་པའི་མིང་ཐོའི་ནང་བདམས་ཡོད་པ་རེད།


        

        མིག་སྔར་ཀུང་སི་དེས་བསྡུས་པའི་དགེ་ཕྲུག་80%ཡན་ཚང་མ་དབང་པོ་སྐྱོན་ཅན་ཡང་མོའི་རིགས་ཡིན་ཅིང་། ཀུང་སིས་རིན་མེད་ངང་དགེ་ཕྲུག་ལ་ལག་རྩལ་སློབ་ཁྲིད་དང་བཅད་གྲངས་བཟོས་ནས་གླ་ཕོགས་སྤྲོད་ཀྱི་ཡོད། མིག་སྔའི་བར་དུ་ཀུང་སི་དེས་ཀོང་རྩེད་ར་གྲོང་རྡལ་དང་དེ་བཞིན་མཐའ་འཁོར་གྱི་ཡོང་འབབ་དམའ་བའི་ལས་ཞུགས་དཀའ་ངལ་ཡོད་པའི་མི་200ལྷག་ཙམ་ལ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་རེད། ད་ཆ་ཀོང་རྩེད་ར་གྲོང་རྡལ་མངའ་ཁོངས་སུ་ཤིང་བཟོའི་ཐོན་རྫས་བཟོ་རྩལ་ལས་སྣོན་བྲིན་ཚོང་བྱེད་མཁན་གྱི་བཟོ་ཁང་150ལྷག་ཙམ་ཟིན་པ་དང་།  དེ་གཙོ་བོ་ཐོབ་ཐུང་གྲོང་ཚོ་དང་ཀོང་རྩེད་ར་སྡེ་ཁུལ་དུ་གཅིག་སྡུད་བྱས་ནས་ལས་ཞུགས་མི་སྣ་800ལྷག་ཙམ་ལ་རྟིང་སྐུལ་བྱས་ཡོད། ཁྱད་ལྡན་ཤུལ་བཞག་མ་ཡིན་པའི་རིག་གནས་ལག་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག།  ཤིང་བཟོའི་ཐོན་རྫས་བཟོ་རྩལ་ལས་སྣོན་དང་ཕྱིར་ཚོང་བྱས་པ་དེས་ཀྱང་མང་ཚོགས་ཀྱི་ཡོང་འབབ་ལེགས་པའི་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་དང་།  གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་ཀྱི་ཡོད།