བདེ་ཆེན་ཁུལ་གྱིས་ཆུ་བོར་སྲུང་སྐྱོང་ཡག་པོ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོ་ནས་བཟུང་བདེ་ཆེན་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་འདྲེན་གྱི་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བྱེད་པ། དྭངས་གཙང་ཆུ་མོའི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་གཙང་པོ་དང་། མཚོ་མཚེའུ། ཆུ་མཛོད་བཅས་ཀྱི་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་པོས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་རེད།

        གནད་འཁེལ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལངས་གཟུགས་ཀྱི་ལྟ་སྐུལ་གནས་སྟངས་འཛུགས་སྐྱོང་བྱས། ཁུལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཆུ་ཁུངས་ས་ཁུལ་གལ་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་དང་། ཆུ་དཔོན་ལམ་ལུགས། ནགས་དཔོན་ལམ་ལུགས་བཅས་ལག་བསྟར་དོན་འཁྱོལ་བྱེད་པ་རེད། ཁུལ་དང་དེ་བཞིན་རྫོང་(གྲོང་ཁྱེར)གསུམ་གྱི་སྣོད་བཅུད་ཁོར་ཡུག་ཁྲིམས་འཛིན་ཞིབ་བཤེར་ལྡོག་འདྲེན་གནད་དོན་དག་ཐེར་བྱེད་ལ། དེ་བཞིན་ཀྲུང་དབྱང་དང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་གནས་ཚུལ་སོགས་ལྟ་སྐུལ་ཞིབ་བཤེར་གྱི་གཙོ་གནད་ལ་བརྩིས་ནས་དུས་བཀག་ལྟར་བཀོད་གཏོང་བྱས་ཏེ།“གནད་དོན་གཅིག་ལ་ཐབས་ཇུས་གཅིག”གི་དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ།ཤེས་རྟོགས་བྱུང་བའི་གནད་དོན་ལ་མཉམ་དུ་ཤུགས་སྣོན་རྒྱབ་པ་རེད།

        ཞིབ་ཕྲ་ཅན་གྱི་བརྟག་དཔྱད་ཞིབ་འཇུག་བྱས་ནས་གནད་དོན་ལ་དངོས་སུ་ཁ་གཏད་འཇལ་ཐབས་རྙེད་པར་བྱས།  ཁུལ་དང་རྫོང་(གྲོང་ཁྱེར་)རིམ་པ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཞིབ་བཤེར་གཏིང་ཟབ་བྱས་ཏེ།གཙང་པོ་དང་མཚེའུ་ཆུ་མཛོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་ལས་དོན་ཁྲོད་གནས་པའི་གནད་དོན་ཤུགས་ཆེན་པོས་ཤེས་རྟོགས་བྱས་པ་དང་གནད་དོན་གཙོ་བོ་དང་དཔེ་མཚོན་གྱོད་དཔེར་དམིགས་ནས་རྗེས་འདེད་ཅན་དང་།གཤགས་ལས་ཅན་བཅས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་།ལས་དོན་གྱི་གྲོས་འགོ་བཏོན་པ་མ་ཟད་ཁོངས་གཏོགས་ས་ཆའི་སྲིད་གཞུང་གིས་སྐུལ་སྒྲུབ་བྱེད་པར་ཡང་སྤྲད་པ་རེད།

        རྒྱུན་རྣམ་ཅན་གྱི་བརྟག་ཞིབ་དང་ཞིབ་བཤེར་བྱས་པ། ས་ཁུལ་དང་རྫོང(གྲོང་ཁྱེར)རིམ་པ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་གཞི་རིམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རིམ་ཁག་ཏང་ཨུ་དང་།སྲིད་གཞུང་།འབྲེལ་ཡོད་འགན་འཁྲིའི་ཚན་པ་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་།སྣོད་བཅུད་སྲུང་སྐྱོང་སླར་གསོ།ལྗང་མདོག་སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། འགན་འཁྲི་སྡེ་ཚན་གྱིས་གཙོ་གནད་ཆུ་བོ་དང་།མཚེའུ་མཛོད།  ཆུ་མཛོད་བཅས་ཀྱི་ཆུ་སྤུས་ལྟ་ཞིབ་ཚད་ལེན་སྙན་ཞུ་དང་དུས་མཚུངས་ཁོར་ཡུག་བཅོས་སྐྱོང་བྱས་འབྲས་ཀྱི་གྲངས་གཞི་དང་།པར་རིས།བརྙན་ལམ་བཅས་དུས་ཐོག་ཏུ་བསྡུ་རུབ་གོང་ཞུ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

        ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྦྲེལ་ཐག་ཧྲིལ་པོར་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ།རྫོང(གྲོང་ཁྱེར)ཁག་གི་གཙང་པོ་དང་མཚེའུའི་ཆུ་མཛོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅོས་སྐྱོང་གི་ལས་འགན་དང་དམིགས་འབེན།འགན་འཁུར་བ་བཅས་ཁ་གསལ་བཟོས་ཡོད།དངོས་སྡོད་ཞིབ་འཇུག་དང་།འབྲེལ་གཏུག་མཉམ་རོགས།གནད་དོན་ཐག་གཅོད།འགན་འཁྲི་རྗེས་འདེད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།འགན་འཁྲི་སྡེ་ཁག་དང་ཁྲིམས་འཛིན་ལས་ཁུངས་མཐུན་སྦྱོར་མཉམ་ལས་བྱེད་པར་དོ་སྣང་བྱས་ཏེ།གནད་དོན་ཐག་གཅོད་བྱེད་པའི་འགྲིལ་ཤུགས་ཆགས་པར་བྱས་པ།ལས་ཀའི་དྲན་སྐུལ་ཡི་གེ་དང་།ཁ་ཆད་གླེང་མོལ་གྱི་བརྡ་ཐོ།སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོའི་ཡི་གེ་སྤྲོད་པ་སོགས་ཀྱི་རྣམ་པ་སྤྱད་དེ་སྒྲིག་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཁྲིམས་ལྟར་འགན་འཁྲི་བདའ་འདེད་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་གཏོར་བཤིག་གཏོང་མཁན་རྒྱ་ཡན་དུ་གཏོང་མཁན་དང་འགན་འཛོལ་མཁན་ལ་མཐའ་གཅིག་ཏུ་ཉེན་བརྡ་གཏོང་དགོས་པའི་ནན་བཤད་གནང་ཡོད་པ་རེད