བྲག་ཞབས་ཤང་ཀོ་མོ་རུང་གྲོང་ཚོའི་རྣམ་པ་གསར་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཀོ་མོ་རུང་གྲོང་ཚོ་ནི་བདེ་ཆེན་ཁུལ་འཇོལ་རྫོང་བྲག་ཞབས་ལི་སུའུ་རིགས་ཤང་དུ་གནས་ཡོད་ལ། དེ་ནི་གྲོང་ཚོ་ཧྲིལ་པོ་གནས་སྤོས་བ་ཞིག་ཡིན་ཏེ། ད་ལྟའི་གྲོང་ཚོ་དེར་གཙང་ཞིང་གྲལ་འགྲིག་པའི་འགྲོ་ལམ་དང་། སྒེའུ་ཁུང་གཙང་བའི་ཁང་པ། མཛེས་ཤིང་ལྟ་ན་སྡུག་པའི་རིག་གནས་གྱང་། ཡངས་ཤིང་སྐྱིད་སྣང་དོད་པའི་རིག་གནས་ཐང་ཆེན་བཅས་ཡོད་པས་ཆུ་གཙང་ཞིང་གྲོང་ཚོ་མཛེས་ལ་དམངས་ཕྱུག་པའི་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་གྱུར་ཡོད།


        གནས་སྤོ་ཐུབ་པ་ནས་བཟུང་ཀོ་མོ་རུང་གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་ཤར་རླུང་ལ་བརྟེན་ནས་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་གད་སྙིགས་གཙང་སེལ་དང་གསང་སྤྱོད་རིམ་སྤོར་སྒྱུར་བཀོད། འགྲོ་ལམ་མཁྲེགས་འགྱུར། གྲོང་ཚོ་སྔོ་འགྱུར་མཛེས་བཟོ་སོགས་གཙོ་གནད་ལས་གྲྭ་ལག་བསྟར་བྱས་པས་གྲོང་གསེབ་ཀྱི་རྣམ་པ་མཐོར་འདེགས་ཆེན་པོ་བྱུང་ཡོད།


        ཤེས་གསལ་བྱུང་དོན། ཀོ་མོ་རུང་གྲོང་ཚོས་"མི་སྣ་ཆེན་པོ་བཅུའི་"ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆུ་ལམ་དང་གཞུང་ལམ་གཙོ་བོ་དང་དེ་བཞིན་གཙོ་གནད་ས་ཁོངས་ཁག་ཚང་མར་ཆེད་མིས་འགན་འཁུར་བ་དང་ཆབས་ཅིག "འགན་ལེན་གསུམ་"གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་ལ་དུས་ཐོག་ཏུ་གད་སྙིགས་གཙང་སེལ་དང་གཙང་སྦྲ་བྱེད་ཐེངས་མང་དུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་འཚོ་བའི་གད་སྙིགས་ཉིན་རེ་བཞིན་གཙང་སེལ་ཐུབ་པ་བྱས་པ་དང་། གྲོང་ཚོ་དེས་ད་དུང་གྲོང་གསེབ་ཀྱི་སྒྲ་དུང་ཆེ་མོ་དང་སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་དང་གྲོང་མིའི་སྐད་འཕྲིན་ཚོགས་པ་དང་འཕྲེད་འགེལ་སྦྱར་ཡིག་སོགས་དྲིལ་བསྒྲགས་བྱེད་སྟངས་གང་ལེགས་སྤྱད་དེ་མང་ཚོགས་ཀྱིས་རང་རྟོགས་ངང་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་བྱེད་པའི་འདུ་ཤེས་འཕེལ་བ་བྱས་ནས་མཉམ་སྐྱོང་དང་། དོ་དམ་མཉམ་བྱེད། མཉམ་སྤྱོད་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱས་པ་མ་ཟད། གསོ་སྦྱོང་དང་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅིག་བསྡུས་བཀོད་སྒྲིག་བྱེད་གནས་ཀྱི་གཙང་སྦྲ་བྱེད་མཁན་གྱི་འགན་འཁྲིའི་འདུ་ཤེས་དང་ལས་ཀའི་ནུས་པ་ཆེ་རུ་བཏང་བ་དང་། གཙང་སྦྲ་བྱེད་མཁན་གྱི་འགན་འཁྲི་ཞིབ་ཕྲ་དང་ཚད་འབེབས་བྱས་ཏེ་དེའི་འགན་འཁྲིའི་ཁུལ་གཙང་ཞིང་གྲལ་འགྲིག་པ་དང་། གོ་རིམ་ལྡན་པ་བཅས་ཡོང་བར་སྐུལ་འདེད་བཏང་བ། དེ་དང་ཆབས་ཅིག་གྲོང་ཚོ་དེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དེ་བཞིན་ཏང་ཡོན་གྱིས་སྣེ་ཁྲིད་དེ་ལས་དོན་སྒྲུབ་པ་དང་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་ཏེ་དུས་ངེས་མེད་ངང་གྲོང་ཚོའི་ཁྱབ་ཁོངས་ལ་གཅིག་སྡུད་བཅོས་སྒྲིག་དང་གཙང་བཤེར་བྱས་པ་དང་གྲོང་ཚོའི་ཏང་ཡོན་ལས་དོན་ཞབས་ཞུའི་རུ་ཁག་སྒྲིག་འཛུགས་བྱས་ཏེ་དུས་ངེས་མེད་ངང་གྲོང་ཚོའི་དབང་པོ་སྐྱོན་ཅན་དུད་ཚང་སོགས་ངལ་རྩོལ་ནུས་ཤུགས་མི་འདང་བའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལ་འཕྲོད་བསྟེན་རོགས་སྐྱོར་བྱས་ནས་དེར་གཙང་ཞིང་སྐྱིད་སྣང་དོད་པའི་འཚོ་བའི་ཁོར་ཡུག་ཅིག་ཡོང་བ་བྱས་ཏེ་ཁྱིམ་ཚང་གི་མཛེས་སྡུག་ཆུང་ཆུང་ལ་བརྟེན་ནས་གྲོང་ཚོའི་མཛེས་སྡུག་ཆེ་བར་སྐུལ་འདེད་བཏང་བ་རེད།


        གཞན་ཡང་ཀོ་མོ་རུང་གྲོང་ཚོས་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ཏེ་ལས་ཀ་དང་ངལ་རྩོལ་ལ་བརྟེན་ནས་ཁྱིམ་གཞིས་མཛེས་སུ་བཏང་བ་དང་ཚོགས་ཆུང་དང་དུད་ཚང་གིས་གཅིག་སྡུད་ཐོག་ཐག་གཅོད་དང་ཁ་ཐོར་ངང་ཐག་གཅོད་བྱེད་པའི་བྱ་ཐབས་སྤྱད་དེ་བཙོག་ཆུ་དང་གསང་སྤྱོད་དང་སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་བཙོག་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མང་ཚོགས་སྐུལ་སློང་བྱས་ཏེ་གྲོང་ཚོའི་མཐའ་འཁོར་དང་། ལམ་འགྲམ་། ཁང་པའི་རྒྱབ་མདུན་བཅས་སུ་སྔོ་ཚལ་དང་ཀྭ་རིགས། ཁྱད་ཆོས་ལྡན་པའི་མེ་ཏོག་བཅས་འདེབས་འཛུགས་བྱས་ཏེ་གྲོང་ཚོའི་"མེ་ཏོག་ལྡུམ་ར་ཆུང་ཆུང་"དང་"ཚལ་ཞིང་ཆུང་ཆུང་"གིས་བསྐོར་བ་དང་། རྩྭ་ལྗང་མཛེས་ཤིང་མཚར་སྡུག་རྣམ་པར་བཀྲ་བའི་ཞིང་པའི་མཛེས་ལྗོངས་ཆགས་པར་བྱས་པ་རེད།