བོད་ཀྱི་མཛེས་རྩལ་ཀུན་བཏུས་ཀྱི་རི་མོ་སྒྱུ་རྩལ་ལས་ལ་དྭགས་སོགས་ཀྱི་ལྡེབས་རིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-11   རྩོམ་ཁུངས།    སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

        «བོད་ཀྱི་མཛེས་རྩལ་ཀུན་བཏུས»ནི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩའི་རྣམ་གྲངས་ཀྱི་ལས་གཞི་འགངས་ཆེན་ཞིག་ཡིན་ལ། བོད་རྒྱ་ཤན་སྦྱར་དང་བོད་དབྱིན་ཤན་སྦྱར་གྱི་པར་ཡིག་སྦྲགས་མའི་དཔེ་དེབ་སྤུས་ལེགས་པོད་གྲངས༡༠༠ཡི་བདག་ཉིད་ཅན་ཞིག་ཀྱང་ཡིན། འདིར་བོད་ཀྱི་སྲོལ་རྒྱུན་ཐང་ག་དང་། འཇིམ་བཟོ། བཟོ་བཀོད། ལག་ཤེས་སྒྱུ་རྩལ། ཡིག་གཟུགས་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་གྱི་ཁོངས་གཏོགས་བྲིས་འབུར་ཇི་སྙེད་རྣམ་པར་དབྱེ་ཞིང་ལེགས་པར་བསྒྲིགས་ཏེ་དཔེ་སྐྲུན་བྱེད་ཀྱིན་པ་ལགས་ན། འདི་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཐོག་མཛེས་རྩལ་གྱི་རིགས་རྣམ་དང་ནང་དོན་གྱི་ཁྱབ་རྒྱ། པར་འདེབས་ཀྱི་རྒྱུ་སྤུས་སོགས་ཕྱོགས་གང་ཐད་ནས་དཔེ་ཚོགས་འཐུས་ཚང་ཤོས་དང་གྲ་རྒྱས་ཤོས། སྤུས་དག་ཤོས་དེ་ཡིན་ནོ། །

        དེབ་འདི་ནི་བོད་ཀྱི་མཛེས་རྩལ་ཀུན་བཏུས་ཀྱི་རི་མོ་སྒྱུ་རྩལ་ལས་ལ་དྭགས་སོགས་ཀྱི་ལྡེབས་རིས་ཞེས་པ་དེ་ཡིན། འདིར་ལ་དྭགས་ཕྱོགས་ཀྱི་དུས་རབས་བཅུ་གཅིག་པ་ནས་བཅུ་གསུམ་པའི་བར་གྱི་ཨ་ལྕི་དགོན་པ་དང་མང་གཡུ་དགོན་པའི་ལྡེབས་རིས་དང་། དུས་རབས་བཅུ་བཞི་ནས་བཅོ་ལྔའི་བར་གྱི་སེང་གེ་ལྷ་ཁང་དང་རྩེག་གསུམ་ལྷ་ཁང་གི་ལྡེབས་རིས། དུས་རབས་བཅུ་བདུན་པའི་རྣམ་རྒྱལ་རྩེ་མོ་དང་ཤེལ་དགོན་པའི་ལྡེབས་རིས་སོགས་ཀྱི་ཐོག་མའི་བཞེངས་སྐྲུན་གྱི་དུས་རིམ་དང་འཕེལ་རིམ། སྒྱུ་རྩལ་གྱི་ཉམས་སྣང་སོགས་བྲིས་ཡོད།

ལྡེབས་རིས་ཀྱི་པར་སྣ་ཚོགས།

ལྡེབས་རིས་ཀྱི་པར་སྣ་ཚོགས།