བདེ་ཆེན་སྒུལ་འཕྲིན་གྱིས་འབུ་རྩྭ་འཐུ་བའི་དུས་ཚིཊ་ལ་སྲུང་སྐྱེལ་བྱས

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་གཅིག་ཐེངས་གཅིག་གི་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཤར་བ་དང་ཆབས་ཅིག་ཀྲུང་གོ་སྒུལ་འཕྲིན་བདེ་ཆེན་ཡན་ལག་ཀུང་སིས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཀྱི་འཕྲིན་གཏོང་འཕྲལ་སྡོམ་འགན་ལེན་ལས་དོན་ཚོགས་ཆུང་ཧུར་ཐག་ངང་བཙུགས་ནས། ནུས་ཤུགས་ཡོད་རྒུས་འབུ་རྩྭ་རི་བོའི་འཕྲིན་གཏོང་འགན་ལེན་ལ་འདེགས་སྐྱོར་བྱས་ཏེ་རང་ཁུལ་གྱི་མངའ་ཁོངས་ནང་གི་འབུ་རྩྭ་རི་བོ་ཆེན་པོ་གསུམ་ལ་སྒུལ་འཕྲིན་གྱི་དྲ་བ་ཁེབས་ཐུབ་པའི་འགན་ལེན་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ཡོད།

        ཟླ་4པའི་ཚེས་30ཉིན་གྱི་གོང་དུ་ཀྲུང་གོ་སྒུལ་འཕྲིན་བདེ་ཆེན་ཡན་ལག་ཀུང་སིས་འབུ་རྩྭ་རི་བོའི་འཕྲིན་གཏོང་སྐུད་ལམ་སྐོར་ཞིབ་དང་མྱུར་བཟོའི་ལས་དོན་ལེགས་སྒྲུབ་བྱས་པ་དང་འབྲེལ་འགན་ལེན་ཇུས་གཞི་སྔ་སྣུར་དུ་བཟོས་ནས་འབུ་རྩྭ་རི་བོའི་འགན་ལེན་ལ་མཁོ་བའི་རྨང་གཞིའི་ས་ཚིགས་ཀྱི་སྒྲིག་ཆས་ཐོན་ཁུངས་གྲ་སྒྲིག་བྱས་པ་དེའི་ནང་རྨང་གཞིའི་ས་ཚིགས་ཀྱི་སྒྲིག་ཆས་དང་། གནམ་སྐུད། གཞོགས་འདེགས་རྒྱུ་ཆ་སོགས་ཚུད་ཡོད། ཟླ་5པའི་ཚེས་4ཉིན་ཀྲུང་གོ་སྒུལ་འཕྲིན་བདེ་ཆེན་ཡན་ལག་ཀུང་སིའི་འབུ་རྩྭ་རི་བོའི་འཕྲིན་གཏོང་འགན་ལེན་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐིག་ལེན་ཐེངས་མང་བྱས་པ་བརྒྱུད་ས་ཚིགས་གནས་ཡུལ་གཏན་འཁེལ་བྱས་པ་རེད།

        དེ་རྗེས་སྒྲིག་ཆས་ཨར་ལས་རུ་ཁག་དང་བརྒྱུད་གཏོང་ཨར་ལས་རུ་ཁག འཕྲིན་གཏོང་སྲུང་སྐྱོང་མི་སྣ་བཅས་ཁྱོན་མི་ཐེངས་30དང་རླངས་འཁོར་ཐེངས་12བཏང་ནས་རླངས་འཁོར་དང་མིས་དབོར་སྐྱེལ་བྱས་ཏེ་འཕྲལ་སྡོམ་གློག་གཏོང་འཕྲུལ་འཁོར་8དང་སྐུད་མེད་སྒྲིག་ཆས་ཆ་ཚང་12དབོར་འདྲེན་བྱས་པ་རེད། ཉིན་2འབད་འཐབ་བྱས་པ་བརྒྱུད་འོད་འཁྲིད་ཚི་སྐུད་བརྒྱུད་གཏོང་སྐོར་ཞིབ་དང་། རས་གཏོང་བ། སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་བ། ཟླ་5པའི་ཚེས་5ཉིན་གྱི་ཕྱི་དྲོ་4Gདྲ་བའི་ས་ཚིགས་8དང་4Gདྲ་བའི་ཁུལ་ཆུང་12ཤར་གཏོང་ཐུབ་ནས་འབུ་རྩྭ་རི་བོའི་ལས་དོན་རུ་ཁག་དང་མི་སེར་རི་བོར་སྐྱོད་པར་སྤུས་ལེགས་ཀྱི་དྲ་རྒྱའི་ཞབས་ཞུ་མཁོ་འདོན་བྱས་ཡོད།