ལྷ་མོ་གཡང་མཚོའི་སླར་གསོ་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོས་ཡིག་དྲ་བའི་འཕྲིན། ལྷ་མོ་གཡང་མཚོ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུམ་རྩེན་གླིང་ལྗོངས་ཁུལ་དུ་གནས་ཡོད་ལ།  སྤྱིའི་རྒྱ་ཁྱོན་སྤྱི་ཆིང་28.5་ཙམ་ཡོད། ལྷ་མོ་གཡང་མཚོའི་སྲུང་སྐྱོང་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ནང་དོན་དུ་མཚེའུ་གཙང་སེལ་དང་། རི་སྲུང་སྔོ་ལྗང་ཅན། རི་ལྡེབས་ཉམས་གསོ། མཚོ་སྐོར་དོས་ལམ་མཐོར་འདེགས། ལྡུམ་རའི་ལམ་མཐོར་འདེགས། མཛེས་ལྗོངས་ཀྱི་མཚམས་ཚིགས་མཐོར་འདེགས་སོགས་ཚུད་ཡོད།  

        རྣམ་གྲངས་དེ་2022ལོའི་ཟླ་3པ་ནས་ལས་འགོ་ཚུགས་པ་དང་།  མིག་སྔར་གནས་སྐབས་མཐའ་སྐོར་སྒྲིག་སྦྱོར་ལེགས་གྲུབ་ཟིན་པ་དང་། ཡན་ལག་ཁུལ་ཁག་གི་ཆུ་དྭངས་མོའི་ལས་སྟེགས་ཀྱི་གྲུབ་ཆ་གཙོ་བོ་ཡན་ལག་ཁུལ་གཅིག་ཕུད་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ། དུང་དཀར་ཐང་ཆེན་འཛུགས་སྐྲུན་རྣམ་གྲངས་85%ལེགས་གྲུབ་ཟིན་པ། ཤིང་དོས་ལམ་གྱི་གྲུབ་ཆ་གཙོ་བོའི85%ཙམ་ལེགས་གྲུབ་ཟིན་པ། ཡན་ལག་ཁུལ་ཁག་གཅིག་གི་སྡོང་ཕྲན་འདེབས་འཛུགས་ལེགས་གྲུབ་ཟིན་པ།  མཚེའུ་ནང་འདམ་རྫབ་ཕྱི་ཕྱོགས་སུ་དབོར་ཚད་ཧ་ལམ་ཕྱོགས་ཁྲི་13ཙམ་ཟིན་ཡོད་པ་རེད།  ད་ཆ་ཤིང་དོས་ལམ་ཁག་གཅིག་དང་སྤྱི་པའི་གསང་སྤྱོད་ཕྱི་རོལ་གྱི་རྒྱན་སྤྲས་ངོས་ཀྱི་ཨར་ལས། བསིལ་ཁང་སྒྱུར་བཀོད་ལས་གྲྭའི་ཨར་ལས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཆུ་དྭངས་མོའི་ལས་སྟེགས་ཀྱི་སྒྲོམ་སྐྱོར་ཁག་གཅིག་སྒྲིག་སྦྱོར་བྱས་པ་དང་སྔོ་འགྱུར་ཁུལ་ཁག་གཅིག་གི་འདེབས་འཛུགས་ས་སྐོང་དང་དེ་བཞིན་ལོ་རྒྱུས་ཀྱི་པར་སྒྲོམ་ཨར་ལས་དང་མཚོ་སྐོར་གླིང་ལམ་གྱི་ཨར་ལས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

        མཚམས་སྦྱོར་བྱས་པར་གཞིགས་ན་རྣམ་གྲངས་ཀྱིས་འདམ་རའི་འདམ་རྫབ་གཙང་བཤེར་དང་ཆུ་འོག་ནགས་ཚལ་ཇུས་འགོད་སོགས་ཉམས་གསོའི་བྱ་ཐབས་སྤྱད་དེ་ཆུ་གཙང་བཟོ་བྱས་ནས་དྭངས་ཤིང་གཙང་བའི་མཚོ་ངོས་གཏོད་པ་དང་ནམ་མཁའི་མཐའ་མཚམས་ཀྱི་ཕན་འབྲས་བཏོད་དེ་མཛེས་ལྗོངས་ཁུལ་གྱི་རྣམ་པ་སྔར་བས་གཏོད་རྒྱུ་ཡིན་པ་རེད། མཚམས་ཚིགས་ཇུས་འགོད་ཀྱིས་མཚེའུ་ཡི་ཡུལ་ལྗོངས་ཀྱིས་སྣེ་ཁྲིད་དེ། ངལ་གསོའི་བྱེད་ས་དང་ཆེས་ལེགས་པའི་པར་ལེན་ས་སོགས་ཁ་སྣོན་བྱས་ནས་སྐྱེ་ཁམས་ཡུལ་ལྗོངས་ཀྱི་ཡུལ་སྐོར་ཐིག་སྦྲེལ་རྒྱུ། སྔོ་ལྗང་ཇུས་འགོད་ཀྱིས་ས་ཞིང་གི་ནུས་པ་དང་རིག་གནས་ལ་བསམ་གཞིགས་གང་ལེགས་བྱས་ཏེ་སྔོ་ལྗང་གི་རྣམ་པ་དང་ནུས་པ་ཕན་ཚུན་མཐུན་པོ་ཡོང་བ་བྱས་ནས་རྩི་ཤིང་གི་མཛེས་ལྗོངས་ལ་ས་ཁོངས་རང་བཞིན་དང་བྱེད་ལས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་བྱེད་་པ་མ་ཟད། ད་དུང་བློ་གྲོས་མ་ལག་ནང་འདྲེན་བྱས་ཏེ་སུམ་རྩེན་གླིང་ལྗོངས་ཁུལ་ཧྲིལ་པོ་དང་མཐུད་འཇུག་བྱས་ནས་སུམ་རྩེན་གླིང་རྒྱབ་ཀྱི་མེ་ཏོག་ལྡུམ་ར་དང་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་གསར་དུ་ཐོན་པའི་དྲ་རྒྱལ་ཟིན་འགོད་གནས་སོགས་གཏོད་རྒྱུ་ཡིན་པ་རེད།