དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་ཐོག་འགོག་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-06   རྩོམ་ཁུངས།   

 དྲག་ཆར་འབབ་དུས་ལག་འཁྱེར་ཁ་པར་རྩེད་མི་རུང་། ཅི་ཐུབ་སྒོས་གཞན་གྱིས་བཏང་ཡོང་བའི་ཁ་པར་ལེན་མི་རུང་ལ་ཕྱིར་ལའང་གཏོང་མི་རུང་། རྒྱུ་མཚན་ནི་ཐོག་གཡོལ་སྒྲིག་ཆས་ཀྱིས་འཛུགས་སྐྲུན་སྒྲིག་བཀོད་མ་གཏོགས་སྐུད་མེད་གནམ་སྐུད་གང་ལའང་འགོག་སྲུང་བྱེད་མི་ཐུབ་པས།ནམ་ཟླ་དེ་འདྲའི་ཁྲོད་ཁ་པར་ལས་གླུ་ལ་ཉན་པའི་བྱ་སྤྱོད་དེའང་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཡིན་པ་རེད།

 འབྲུག་སྒྲ་གྲགས་ཤིང་གློག་ཞགས་འཁྱུག་དུས་མགོ་དང་སྐེ་མཇིང་། ལག་པའི་ཐོག་ཏུ་གྲོག་མ་འགོས་པ་ལྟ་བུའི་ཚོར་བ་བྱུང་བ་དང་མགོ་སྐྲ་གྱེན་དུ་གཟེངས་བའི་ཚོར་བ་སོགས་བྱུང་དུས་ཐོག་གི་སྔ་ལྟས་ཡིན་པས། གང་མགྱོགས་སྒོས་ཁ་སྦུབ་དུ་སྡོད་དགོས་པར་མ་ཟད་ལྕགས་རིགས་ཀྱི་རྒྱན་ཆ་སོགས་ཡོད་ཚད་ལུས་སྟེང་ནས་འདོར་དགོས་ལ། དེས་ཐོག་གི་ཉེན་ཁ་ལས་གཡོལ་བར་ནུས་པ་ངེས་ཅན་ཐོན་ཐུབ།

 ཐང་ཡངས་ས་ནས་ཆར་གདུགས་བཀོལ་མི་རུང་བར་མ་ཟད།དབྱར་རྩྭ་དགུན་འབུ་བརྐོ་བྱེད་ཀྱི་འཇོར་ཕྲག་ཏུ་འཁུར་མི་རུང་།


 རི་མཐོ་ས་ནས་སྡོད་མི་རུང་བར་མ་ཟད་ཆུ་ལམ་འདྲེས་མཚམས་དང་རི་ངོས་གཟར་ས་ནས་ཀྱང་འདུག་མི་རུང་།

 རྒྱུག་མི་རུང་བ་དང་ཁ་གདངས་མི་རུང་བར་གང་མགྱོགས་སྒོས་ཙོག་པུར་སྡོད་དགོས་ལ། དེར་བསྟུན་ལག་པ་གཉིས་ཀྱིས་པུས་མོར་བསྡམས་ནས་སྡོད་དགོས་ལ། མགོ་བོ་ཡང་མར་སྒུར་ནས་སྡོད་དགོས།རྒྱུ་མཚན་ནི་མགོ་ལ་མཚོན་ན་ལུས་པོ་ཡོངས་ནས་ཐོག་ཕོག་སླ་བའི་གནས་ཡིན་པ་རེད།

 ཁ་ཕྱེས་ནས་བཞག་ཡོད་པའི་འབར་སླ་བའི་དངོས་རྫས་ལ་རེག་མི་རུང་།

 འཕྲུལ་རྟ་དང་རྟ་ལ་ཞོན་མི་རུང་། ཡིན་ཡང་རླངས་འཁོར་ལ་མཚོན་ན་ཐོག་གི་ཉེན་ཁར་གཡོལ་བྱེད་བཟང་ཤོས་ཡིན་པ་དང་། འགོག་སྲུང་གི་ནུས་པ་ཡོད་སྟབས་ཐོག་ཕོག་རུང་མི་ལ་གནོད་སྐྱོན་ཐེབས་མི་སྲིད་པ་རེད།

 གཅིག་པུར་ཡོད་པའི་སྡོད་ཁང་དང་སྡོང་ཆེན་གྱི་འོག་ཏུ་ཆར་གཡོལ་བྱ་མི་རུང་།ཡིན་ཡང་ཐབས་ཟད་དུས་སྡོང་པོའི་ཡལ་ག་དང་སྨི་གསུམ་གྱི་བར་ཐག་ཡོད་དགོས་ལ། དེ་མིན་ཙོག་པུར་སྡོད་དགོས།

 ཆུ་ནང་དང་གཙང་འགྲམ་དུ་སྡོད་མི་རུང་།

༡༠ དྲག་ཆར་འབབ་དུས་རྐང་རྗེན་དུ་འགྲོ་བ་དང་ཡང་ན་ཆར་བར་གཡོལ་ཚེ་ཐོག་གི་ཉེན་ཁ་ཐེབས་སྲིད་པས། རྩེད་མོར་དགའ་བའི་བྱིས་པ་དག་གིས་གང་མགྱོགས་སྒོས་ལྷམ་གྱོན་པ་དང་། ཡང་ན་རྐང་མཐིལ་དུ་འགྱིག་རྫས་སོགས་གཞག་དགོས།