“ལྔ་གཅིག”ངལ་གསོའི་རིང་བདེ་ཆེན་གྱིས་ཡུལ་སྐོར་འབོར་ཆེན་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

“ལྔ་གཅིག”ངལ་གསོའི་རིང་གྲོང་མི་ཕྱི་ལ་ཡུལ་སྐོར་དུ་འགྲོ་བ་དང་བྱ་འགུལ་སྣ་མང་དུ་ཞུགས་པ་ཇེ་མང་དུ་ཕྱིན་པས།  འགྲིམ་འགྲུལ་ཐད་འགྲུལ་པ་མང་ཤོས་ཀྱི་དུས་སྐབས་ཐོན་ཡོད།

  ཟླ་4པའི་ཚེས་29ཉིན་ནས་ཟླ་5ཚེས་3ཉིན་བར་སེམས་ཀྱི་ཉི་ཟླའི་གནམ་ཐང་དུ་གནམ་གྲུ་འཕུར་བ་དང་འབབ་ཐེངས་98ཟིན་ཡོད་པ་དང་།  འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་7912དང་དངོས་ཟོག་ཏུན་9.06སྐྱེལ་འདྲེན་བྱས་ཡོད། གཙོ་བོར་ཁུན་མིང་དང་། ཀོང་ཀྲོའུ། ཁྲུང་ཆིང་། ལྷ་ས།  ཁྲེང་ཏུའུ་བཅས་སུ་འཕུར་གྱི་ཡོད།   སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ཡན་ལག་ཀུང་སིས་ཁྱོན་རླངས་འཁོར་ལན་གྲངས་418བཏང་བ་དང་འགྲུལ་པ་11259སྐྱེལ་འདྲེན་བྱས་ཡོད་ལ།  རླངས་འཁོར་ཐེངས་གྲངས་གཙོ་བོ་ནི་ས་དམ་དང་ཏ་ལི་ཡིན་པ་རེད། མྱུར་བགྲོད་གཞུང་ལམ་ཐད་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཁོངས་གཏོགས་ཀྱི་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་བསྡོམས་རྩིས་བྱས་པར་གཞིགས་ན།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཁྱོན་ཐེངས་48860ཟིན་པ་དང་།  དེའི་ཁྲོད་དུ་ས་དམ་གྱི་ཁ་ཕྱོགས(སྟེང་ཐིག་)ནི་ཐེངས་23392ཡིན། སེམས་ཀྱི་ཉི་ཟླའི་ཁ་ཕྱོགས་ཀྱི(འོག་ཐིག་)ནི་ཐེངས་25468ཡིན།  “ལྔ་གཅིག”དུས་ཆེན་རིང་སེམས་ཀྱི་ཉི་ཟླའི་གནམ་ཐང་དང་སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་བབས་ཚུགས་སྔ་ཙམ་བཀོད་སྒྲིག་བྱས་ནས་མི་སྣ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དང་འགྲུལ་པར་ཞབས་འདེགས་ཞུ་བའི་འབྲེལ་ཐག་ཧྲིལ་པོར་དམིགས་ཏེ་འགྲུལ་པ་འགྲོ་སྐྱོད་ཀྱི་དཀའ་གནད་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱས་ནས་གནད་དོན་ཐག་གཅོད་གནད་སྨིན་བྱས་ཏེ་འགྲུལ་པ་རྣམས་འགྲོ་འོང་བྱེད་པར་བློ་བདེ་སེམས་བདེ་ཡོང་ཐུབ་པར་བྱས་ཡོད། 

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱིས་ངལ་གསོའི་རིང་འགན་འཁྲིའི་ལས་བགོས་དང་དུས་ཚོད་ཧྲིལ་པོའི་ལམ་དུམ་བུ་ཚང་མར་སྐོར་གཡེང་དོ་དམ་ཚོད་འཛིན་བྱས་ནས་གཞུང་ལམ་ཤར་གཏོང་འགན་ལེན་དང་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།