སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་ཁག་བཅུ་པའི་སྒོ་བྱང་སྤྲད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-04   རྩོམ་ཁུངས།    བདེ་ཆེན་བོད་ཡིག་ཚགས་པར།

ཟླ་5པའི་ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་20:00ཐོག་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་ཕབ་བཟོ་བྱས་པའི“མཐུན་སྒྲིལ་ཡར་བརྩོན་གྱི་དུས་རབས་གསར་པ་སྟེ།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བཅུ་པའི་དཔེ་སྟོན་ཚན་པར་སྒོ་བྱང་སྤྲོད་པའི་བྱེད་སྒོ”ཡི་དམིགས་བསལ་ལེ་ཚན་དེ་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ཐོག་བསྟན་ཡོད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་ཁག་བཅུ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་ལས་ཡུལ་དངོས་སུ་སྒོ་བྱང་སྤྲད་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཐང་ཆེན་དང་ཕྱི་རོལ་གྱི་LEDབརྙན་ཤེལ་ཆེན་པོའི་ཐོག་སྒོ་བྱང་སྤྲོད་པའི་བྱེད་སྒོ་བརྒྱུད་གཏོང་བྱས་ཤིང་།  ལས་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་། སྡེ་ཁུལ་མང་ཚོགས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་ཀྱིས་སྒོ་བྱང་སྤྲོད་པའི་བྱེད་སྒོར་བལྟས་ཡོད།  

    ཉེ་བའི་ལོ་ཤས་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེ་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་ལ་ལག་ལེན་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་བོད་འབྲེལ་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཏན་ཏིག་བརྟན་ལྷིང་དང་།འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བཅས་བརྟན་པོ་ཡོང་བ་བཅས་ཀྱི་དོན་ཆེན་བཞིར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་རྒྱ་ཁྱབ་དང་གཏིང་ཟབ་ངང་སྤེལ་ནས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལམ་བུ་འཚོལ་ཞིབ་བྱས་ཡོད།