རྒྱལ་པོ་སྟེང་གྲོང་ཚོས་གྲོང་གསེབ་ཀྱི་མཛེས་སྡུག་རྣམ་པ་གསལ་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་5པའི་ཚེས་1ཉིན་ནས་ཚེས་2ཉིན་བར་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་རྒྱལ་པོ་སྟེང་གྲོང་ཚོའི་སྐབས་གཉིས་པའི་“བླ་འཕེལ་རིག་གནས”སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ་དང་། རས་པ་དང་། གཞས། མི་སྟོང་གི་སྒོར་བྲོ།    སྲོལ་རྒྱུན་མདའ་འཕེན་སོགས་གྲོང་མི་ཚོས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་གིས་རྒྱལ་པོ་སྟེང་གྲོང་ཚོའི་“དཔྱིད་ཀྱི་མཛེས་ལྗོངས་” གསལ་སྟོན་བྱས་པ་དང་རྒྱ་ཆེའི་གྲོང་མི་ཚོས་ལྷག་བསམ་རྣམ་དག་གིས་ས་གནས་ཁག་གི་ཡུལ་སྐོར་བར་མི་རིགས་མང་པོའི་མི་དམངས་མཐུན་སྒྲིལ་མཉམ་དར་དང་མི་རིགས་མང་པོའི་རིག་གནས་ཞི་མཐུན་གྱི་མེ་ཏོག་བཞད་པའི་མཛེས་སྡུག་མངོན་པར་བྱས་ཡོད།



        རྒྱལ་པོ་སྟེང་གྲོང་ཚོ་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར། འཇོལ་རྫོང་། ས་དམ་གྲོང་ཁྱེར་ཡུས་ལུང་རྫོང་བཅས་རྫོང་བཞིའི་འབྲེལ་མཚམས་ཀྱི་ས་ཆ་ཞིག་ཡིན་པ་དང་། སྔར་ནས་བཟུང་ “བྱ་གསལ་རྫོང་བཞི་ཐོས་”ཞེས་འབོད་སྲོལ་ཡོད་ཅིང་། ལོ་མང་རིང་བོད་རིགས་དང་། རྒྱ་རིགས། འཇང་རིགས། ལི་སུའུ་རིགས་སོགས་མི་རིགས་འདི་གར་སྐྱེ་འཕེལ་དང་འཚོ་གནས་བྱེད་ཡོད་པ་དང་། མི་རིགས་མང་པོའི་རིག་གནས་ལྷན་འཛོམས་ཀྱི་ས་ཆ་ཞིག་ཡིན། འབྲི་ཆུ་གྲོང་ཚོ་རྒྱུད་ནས་ཀྱག་ཀྱོག་ངང་བརྒལ་བ་དང་། ཕྱོགས་བཞིའི་རི་སྔོ་པོ་ནི་པདྨ་འདབ་བརྒྱད་དང་འདྲ་བར་བསྐོར་བ་དང་། ཡུལ་སྐོར་སྤྲོ་གསེང་གི་གནས་མཆོག་ཅིག་ཀྱང་ཡིན།

        བྱེད་སྒོའི་ནང་《གླུ་གཞས་ཡག་ཤོས་ཏང་ལ་ལེན་པ》《སྲོལ་རྒྱུན་རས་པ་》སོགས་ལེ་ཚན་གྱིས་ལྟད་མོ་བར་དེའི་ཁོངས་སུ་གཏོགས་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ཉེ་བའི་ལོ་ཤས་རིང་མི་སེར་གྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འགྱུར་ཁུག་སྙན་འཇེབས་ལྡན་པའི་གླུ་སྒྲ་དང་བསྟུན་ནས་“རྫོང་བཞིའི་”མི་རིགས་ཁག་གི་བུ་ཕྲུག་ཚོས་སེམས་མཐུན་སྒོར་སྒོར་གྱིས་“མི་སྟོང་གི་སྒོར་བྲོ་”འཁྲབ་པ་དང་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁ་པར་བླངས་ནས་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་དེ་ཟིན་ཐོར་བཀོད་པ་རེད།


        ས་སྲོབ་ཏུ་གནམ་རིམ་བཞིན་རུབ་པ་དང་གྲོང་གསེབ་ཀྱི་འཕྲང་ལམ་ཐོག་སྒྲོག་ཙེ་དང་རྐུབ་སྟེགས་གྲལ་སྟར་སྒྲིག་ནས་ཚ་རླངས་འཕྱུར་བའི་བོད་ལུགས་རྒྱ་ཁོག་ཅོག་ཙེའི་སྟེང་དུ་བསྒྲིགས་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ “གྲོང་གསེབ་ཀྱི་བྲོ་བ་”ལ་ཡུལ་སྐོར་བའི་བསྔགས་བརྗོད་ཐོབ་ཡོད།


        རིག་རྩལ་མཚན་ཚོགས་ཐོག་ས་གནས་དེ་གའི་གཞོན་ནུ་གཞས་པ་དང་འཁྲབ་སྟོན་རུ་ཁག་དང་དེ་བཞིན་གྲོང་མིས་རང་མོས་ངང་ནང་སྦྱོང་བྱས་པའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད།