འབའ་ལྷག་དཀར་རྫོང་གི་རོལ་དབྱངས་དུས་ཆེན་མུ་མཐུད་དུ་རོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ


        ཟླ་5པའི་ཚེས་2ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་དང་ཉི་ཤར་ཤང་།རྒྱལ་ཐང་གྲོང་རྡལ།སན་པཱ་ཤང་།འཇོལ་རྫོང་ཡན་མན་ཤང་ནས་ཡོང་བའི་དམངས་ཁྲོད་གླུ་གར་འཁྲབ་སྟོན་རུ་ཁག་དང་རང་ཡུལ་གྱི་གླུ་བ་ཚོས་འབའ་ལྷག་དཀར་རྫོང་འབའ་ལྷག་གྲོང་སྡེར་མཉམ་འཛོམས་བྱས་པ་དང་དྲ་ཐོག་ཐད་གཏོང་འཁྲབ་སྟོན་བྱས་ནས།རྒྱལ་ཁབ་ཕྱི་ནང་གི་དྲ་གྲོགས་ལ་བདེ་ཆེན་གྱི་ཁྱད་ལྡན་མི་རིགས་གླུ་གར་བསྟན་པ།

   

        ཉིན་དེར།འབའ་ལྷག་དཀར་རྫོང་གི་ཡུལ་མི་བློ་བཟང་དོན་གྲུབ་ཀྱིས་སྙན་ཞིང་འཇེབས་པའི་གླུ་ཞིག་གིས་གླུ་གར་འཁྲབ་སྟོན་གྱི་འགོ་བརྩམས་པ།


གཏེར་མ་རོང་གི་སྐོར་བྲོ།


ཉི་ཤར་བྱམས་གླུ།


རྒྱལ་ཐང་སྐོར་བྲོ།


འཇང་རིགས་ཀྱི་ཨ་ཁ་པཱ་ལ།


འཇོལ་གཞས།



    

    འཁྲབ་སྟོན་རུ་ཁག་དང་ཡུལ་སྐོར་བས་མཉམ་དུ་སྐོར་བྲོ་འཁྲབ་ནས།ཡུལ་དངོས་ཀྱི་འཁྲུག་ཆ་དོད་པའི་རྣམ་པ་དྲ་རྒྱ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ལ་བརྒྱུད་སྤྲོད་བྱས།