ཁ་བ་དཀར་པོའི་འདབས་ཀྱི་གྱོན་ཆས་ངོམས་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་5པའི་ཚེས་2ཉིན། “སྤྲིན་གྱི་རྩེ་མོ་སོན་པའི་འཇོལ་རྫོང་། སྦས་ལུང་སྨིན་རིའི་གོས་དཔེ་གསར་སྟོན་”ཞེས་པའི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་འཇོལ་རྫོང་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ། བྱེད་སྒོ་དེ་འཇོལ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་གྲུབ་གླིང་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ།

        ངོ་མཚར་ཆེ་བའི་གོས་དཔེ་གསར་སྟོན་ཐོག་ནས་ཚེ་དབང་ཆོས་སྒྲོན་དང་ sarduba ཅིན་ཙེ་ཀུའུ་བཅས་གྱོན་ཆས་སྤུས་རྟགས་ཆེན་པོ་གསུམ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། ཆེད་ལས་ཀྱི་སྟེགས་བུ་འཁྲབ་སྟོན་ཡོད་པ་མ་ཟད། ད་དུང་རང་ཡུལ་གྱི་སྲོལ་རྒྱུན་གྱོན་ཆས་འགྲེམ་སྟོན་ཡོད། བྱེད་སྒོས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།