སེམས་ཀྱི་ཉི་ཟླས་འོས་འགན་ཤིང་འཛུཊ་སོཊ་ལ་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        ཉེ་ཆར་གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྔོ་འགྱུར་འཛུགས་སྐྲུན་བྱས་པ་བརྒྱུད་“གྲོང་ཚོ་ལྡུམ་ར་ཅན་དང་། འགྲོ་ལམ་ནགས་གྲིབ་ཅན། ཞིང་ཁ་ནགས་དྲ་ཅན། གངས་རི་ནགས་ཤིང་ཅན། སྒོ་ར་མེ་ཏོག་ལྡུམ་ར་ཅན་”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱས་ཏེ་ན་ནིང་ནས་བཟུང་གྲོང་ཁྱེར་ཡོངས་ཀྱིས་སྡོང་ཕྲུག་སྣ་ཚོགས་ཁྱོན་ཁྲི་212.8467འཛུགས་པ། གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11གི་“ནགས་ཚལ་ཁྲི་བརྒྱ་”ནགས་བཟོ་དང་འོས་འགན་ཤིང་འཛུགས་སྡོང་ཕྲུག་གསོན་ཚད་90%ཡན་ཟིན་པ་དང་སྡོང་ཕྲུག་གསོན་ཚད་མཐོ་བ། དུས་མཇུག་ཏུ་དོ་དམ་སྲུང་སྐྱོང་གནད་ལ་འཁེལ་བས་ནགས་བཟོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    

        2022ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་80.7573ལེགས་སྒྲུབ་བྱས་པ་དང་དེའི་ནང་ཞུགས་མཁན་མི་ཐེངས་84245ཟིན་པ་དེའི་ནང་གྲོང་ཁུལ་ལས་ཁུངས་ཀྱིས་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་1.6762ལེགས་སྒྲུབ་བྱས་པ། དེའི་ནང་ཞུགས་མཁན་རིམ་རྩིས་བྱས་ན་མི་གྲངས་8856(དཔྱིད་སྟོན་དུས་ཚིགས་གཉིས་)ཟིན་པ་དང་ཤིང་རིགས་དེ་མོ་རྒྱ་དང་།    ཆི་ལེན་རི་བོའི་ཤུག་སྡོང་། ཙི་ཡེ་ལི་སོགས་ཡོད་ཅིང་། རྣམ་གྲངས་ནགས་བཟོ་བྱེད་པར་ཁྱོན་མ་དངུལ་སྒོར་ཁྲི་245བཏང་ཡོད།

    

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་གྲོང་ཁྱེར་ཡོངས་ཀྱིས་གོང་རིམ་གྱིས་སྤྲད་པའི་ནགས་བཟོའི་ལས་འགན་དུས་ཐོག་དང་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ནས་མི་སྡོད་ཁོར་ཡུག་སྔར་བས་ལེགས་སུ་བཏང་བས་གྲོང་ཁྱེར་ཡོངས་སུ་སྣོད་བཅུད་མཛེས་པ་དང་། ཁོར་ཡུག་མཛེས་པ། གྲོང་ཁྱེར་མཛེས་པ། གྲོང་གསེབ་མཛེས་པ། རི་ཆུ་མཛེས་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། དམངས་ཡོངས་ཀྱིས་འོས་འགན་ཤིང་འཛུགས་གཏིང་ཟབ་བྱས་པ་དང་ཆབས་ཅིག་“རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་”འདུ་ཤེས་ཀྱིས་མི་སེམས་ལ་ཟུག་པ་དང་སྤྱི་དམངས་ཀྱི་སྔོ་ལྗང་ལ་དགའ་ཞེན་དང་སྔོ་ལྗང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།