བདེ་ཆེན་གྱི་ལྗོངས་ཁུལ5ཡིས་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ཡུལ་སྐོར་ཚོགས་པའི་ཁོངས་གཏོགས་ཀྱི་པོ་ཏ་མཚོ་ལྗོངས་ཁུལ་དང་། ཁ་བ་དཀར་པོ་ལྗོངས་ཁུལ། ཏན་སྤྲེའུ་སྤུ་སེར་ལྗོངས་ཁུལ། ཤམ་བྷ་ལ་དུས་འཁོར་བློས་བསླངས་ལྗོངས་ཁུལ་བཅས་ཀྱིས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་བྱེད་སྒོ་སྤེལ་བ་རེད། ཟླ་5པའི་ཚེས་1ནས་ཚེས་31ཉིན་བར་གུང་གཞོན་ཚོགས་མི་དང་གཞོན་ནུ་ཚོས་སྡེ་ཚོགས་ཀྱི་ཚོགས་མིའི་ལག་ཁྱེར་ལ་བརྟེན་པ་དང་སློབ་མས་སློབ་མའི་ལག་ཁྱེར་ལ་བརྟེན་ནས་ལྗོངས་ཁུལ་དུ་སྤ་སེ་ཉོ་བར་བསྐྱོད་ཚེ་སྤ་སེའི་རིན་གོང་ཕྱེད་གཅོག་གི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག (ལྟ་སྐོར་སྤ་སེ་དང་དེ་བཞིན་ཞབས་ཞུའི་རྣམ་གྲངས་གཞན་དག་གཟིགས་སྐྱོང་ལ་མི་ཞུགས)

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

        རིན་གོང་ཆ་ཚང་གི་སྤ་སེ་ནི་མི་རེར་སྒོར་68ཡིན་པ་དང་། ལྟ་སྐོར་རླངས་འཁོར་ལ་མི་རེར་སྒོར་70ཡིན། སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་7:30ནས་ཆུ་ཚོད་16:00་ཡིན་པ་དང་ཡུལ་སྐོར་བས་ཆུ་ཚོད་9:00དང་9:30ཡི་ཐོག་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་སྤ་སེ་ཉོས་ནས་ཆེད་སྤྱོད་རླངས་འཁོར་ནང་བསྡད་དེ་ཕར་འགྲོ་ཚུར་འོང་བྱེད་ཆོག་པ་དང་རླངས་འཁོར་ནང་སྡོད་པའི་འགྲོ་གྲོན་སྒོར་30ཡིན།

སྟག་མཆོང་གྲོག་རོང་ལྗོངས་ཁུལ།

    

        རིན་གོང་ཆ་ཚང་གི་སྤ་སེ་ནི་མི་རེར་སྒོར་45ཡིན་པ། ཟླ་4པའི་ཚེས་1ཉིན་ནས་ཟླ་10པའི་ཚེས་31ཉིན་བར་སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་7:30ནས་16:30བར་ཡིན་པ། ཟླ་11པའི་ཚེས་1ཉིན་ནས་ཟླ་3པའི་ཚེས་31ཉིན་བར་སྒོ་བྱེད་པའི་དུས་ཚོད་ནི་ཆུ་ཚོད་8:00ནས་16:00བར་ཡིན།

ཁ་བ་དཀར་པོ།

    

        ཁ་བ་དཀར་པོའི་ལྗོངས་ཁུལ་ནང་ཚུད་པའི་འབྲི་ཆུའི་དཀྱོགས་མཚམས་ཆེན་པོ་ལྗོངས་ཁུལ་གྱི་རིན་གོང་ཆ་ཚང་གི་སྒོ་འཛིན་མི་རེར་སྒོར་20དང་། དབུ་ནུབ་སྟེང་མགྲོན་བསུ་སྟེགས་བུ་དང་དགོས་པ་སྟེང་ལྗོངས་ཁུལ་གྱི་རིན་གོང་ཆ་ཚང་གི་སྒོ་འཛིན་མི་རེར་སྒོར་40 ཡིན། མེ་ལོང་འཁྱགས་རོམ་ལྗོངས་ཁུལ་དང་གླེགས་བམ་ལྗོངས་ཁུལ་གྱི་རིན་གོང་ཆ་ཚང་གི་སྒོ་འཛིན་མི་རེར་སྒོར་55ཡིན་པ་རེད། འབྲི་ཆུའི་དཀྱོགས་མཚམས་ཆེན་པོ་ལྗོངས་ཁུལ་དང་དབུ་ནུབ་སྟེང་མགྲོན་བསུ་སྟེགས་བུ་སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་8:30ནས་ཆུ་ཚོད་17:00བར་ཡིན་པ་དང་། དགོན་པ་སྟེང་ལྗོངས་ཁུལ་སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་6:00ནས་ཆུ་ཚོད་20:00བར་ཡིན་པ། མེ་སློང་འཁྱགས་རོམ་ལྗོངས་ཁུལ་སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་8:00པ་ནས་ཆུ་ཚོད་16:00བར་ཡིན་པ། གླེགས་བམ་ལྗོངས་ཁུལ་སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་8:30ནས་ཆུ་ཚོད་16:00་བར་ཡིན།

ཤམ་བྷ་ལ་དུས་འཁོར་བློས་བསླངས།

        སྤ་སེ་ཆ་ཚང་མི་རེར་སྒོར100་ཡིན་པ་དང་། སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་7:00་ནས་15:00་བར་ཡིན།

ཏན་སྤྲེའུ་སྤུ་སེར་ལྗོངས་ཁུལ།

        སྤ་སེ་ཆ་ཚང་མི་རེར་སྒོར་70ཡིན་པ་དང་། རླངས་འཁོར་སྤ་སེ་མི་རེར་སྒོར་50 སྒོ་འབྱེད་པའི་དུས་ཚོད་ནི་ཆུ་ཚོད་8:00ནས་12:00བར་ཡིན། ཕྱི་དྲོ་བལྟ་མི་ཐུབ།