མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོབ་ཐད་བཅའ་ཁྲིམས་གསར་པ་བཏོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-28   རྩོམ་ཁུངས།    中国藏语广播CNR

         སྤྱི་ཟླ་4ཚེས་26ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་དེ་2023ལོའི་སྤྱི་ཟླ་9ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

        བཅའ་ཁྲིམས་དེས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་གི་འགལ་ཟླ་གཙོ་བོ་དང་། དམིགས་བསལ་གནད་དོན། མངོན་གསལ་དོད་པའི་ཁྱད་ཆོས་བཅས་ལ་དམིགས་ཏེ་རི་ཆུ་ནགས་གསུམ་དང་། ཞིང་ས། མཚོ་མཚེའུ། བྱེ་ཐང་།འཁྱགས་རོམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་ཡིན་པ་རེད།