【བདེ་ཆེན་གླུ་གར།】བཀྲ་ཤིས་ཕུན་ཚོགས་ཀྱིས་རྒྱལ་ཐང་སྐོར་བྲོ་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        རྒྱལ་ཐང་སྐོར་བྲོ་ནི་བོད་རིགས་ཀྱི་གླུ་གར་ཁྲོད་དུ་གནའ་བོའི་རྣམ་པ་དང་རོལ་ཆ་མེད་པའི་མཉམ་སྡེབ་ཞབས་བྲོ་ཞིག་ཡིན། མང་ཚོགས་ཀྱི་རྨང་གཞི་ཧ་ཅང་རྒྱ་ཆེན་པོ་ཡོད་ཅིང་། སྒྱུ་རྩལ་གྱི་རང་བཞིན་དང་། ལྟད་མོའི་རང་བཞིནཡོངས་སུ་འཐུས་ཚང་ཞིང་། ནང་དོན་ཕུན་སུམ་ཚོགས་པར་ཡོད་པ། མི་རིགས་ཀྱི་ཉམས་འགྱུར་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། གཤམ་གྱི་བརྙན་ལམ་ནང་རྒྱལ་ཐང་སྐོར་བྲོའི་རྒྱུན་འཛིན་པ་བཀྲ་ཤིས་ཕུན་ཚོགས་དང་མཉམ་དུ་རྒྱལ་ཐང་སྐོར་བྲོ་འདིའི་སྐོར་རྒྱུས་ལོན་ཞིག་བྱེད་རྒྱུ།