ཞིང་པའི་སྡོད་ཁང་ལེགས་སྐྱོས་བྱས་ནས་བདེ་སྐྱིད་སྣང་བ་མཐོ་རུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2022ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཡུན་ནན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་ཞིང་པའི་སྡོད་ཁང་གི་ནུས་པ་ཆེ་རུ་(གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་རྒྱུན་མཐུད་རྒྱབ་སྐྱོར)གཏོང་བའི་རྣམ་གྲངས་ཡིག་ཐོག་སྙན་ཞུ་ཧུར་ཐག་ཕུལ་ནས་ཡུན་ནན་ཞིང་ཆེན་གྱི་ཚོད་ལྟའི་ས་ཁུལ་ཁག་དང་པོར་གྱུར་ཡོད། ཉི་ཤར་ཤང་ཐང་སྨད་གྲོང་ཚོ་དང་ཅིན་ཅང་གྲོང་རྡལ་ཝུའུ་ཀྲུའུ་གྲོང་ཚོར་ཁྱོན་ཞིང་དུད་244སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཚོད་ལྟའི་ས་ཁུལ་གཉིས་སུ་བདམས་ནས་རིམ་སྤོར་སྒྱུར་བཀོད་ནང་ཞུགས་པ་རེད།


    ད་ཐེངས་ཀྱི་རྣམ་གྲངས་ཀྱིས་“གྲུབ་ཆ་བདེ་འཇགས་དང་། ཁུལ་དབྱེ་ལུགས་མཐུན། ནུས་པ་འཐུས་ཚང་དང་།  འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོབ། ཉམས་འགྱུར་མཐུན་སྦྱོར། ཁྱད་ཆོས་མངོན་གསལ་དོད་པ་”བཅས་ཀྱི་གནས་སྡོད་དང་འཚམ་པའི་ཞིང་པའི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་“སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ཞིང་པས་གཙོ་གཟུགས་བྱེད་པ། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་མང་ཚོགས་ཀྱིས་གཙོ་གཟུགས་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་དང་ཁོར་ཡུག་མཛེས་བཟོ་བྱེད་པ། རིག་གནས་རྒྱུན་འཛིན་དང་ཁྱད་ཆོསའཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་བརྩི་དང་ཡུན་ཕན་ལ་དོ་སྣང་བྱེད་པའི་མཛུབ་སྟོན་བླང་བྱ་ལྟར་སྡོད་ཁང་གི་ནུས་པ་ཆེ་རུ་གཏོང་བ། ཉལ་ཁང་དང་། ཐབ་ཚང་། འཕྲོད་བསྟེན་ཁང་སོགས་ཀྱི་སྡོད་ཁང་གི་ནུས་པ་འཐུས་ཚང་དུ་གཏོང་བ། ཆུ་དང་། གློག སོལ་རླངས། འཕྲིན་གཏོང་བཅས་བེད་སྤྱོད་སྟབས་བདེ་བཟོ་བ། དྲོད་སྲུང་དང་། སྒྲ་འགོག མེ་འགོག་སོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་ཁང་ལ་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་རིམ་བཞིན་འཛོམས་པར་བྱེད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན་ད་ཐེངས་ཀྱི་རྣམ་གྲངས་ཁྲོད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱིས་ཁྱོན་ཚོད་ལྟའི་གྲོང་ཚོ་གཉིས་ཀྱི་ཞིང་དུད244་ཡིག་ཐོག་སྙན་ཞུ་ཕུལ་ནས་ཞིང་ཆེན་རིམ་པའི་དུས་འགོའི་ཁག་དང་པོའི་30%ཡི་ཁ་གསབ་མ་དངུལ་སྒོར་ཁྲི་146.4བརྩོན་ལེན་བྱས་པ་དང་ལྷག་མའི་70%ཡི་ཁག་གཉིས་པའི་ཁ་གསབ་མ་དངུལ་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་རྗེས་གྲོས་འཆམ་བྱུང་རྗེས་ཞིང་ཆེན་རིམ་པས་སྤྲད་རྗེས་གཅིག་གྱུར་ཐོག་འཛིན་ལྟར་དངུལ་སྤྲོད་རྒྱུ་ཡིན་པ་རེད། ཚོད་ལྟའི་གྲོང་ཚོ་གཉིས་ཀྱི་ཞིང་དུད་244ལ་ཁྱོན་མ་དངུལ་སྒོར་ཁྲི་800ལྷག་ཙམ་བཏང་བ་དེའི་ནང་ཁ་གསབ་སྒོར་ཁྲི་446དང་ཞིང་དུད་ཀྱིས་རང་གྲབས་སྒོར་ཁྲི་370ལྷག་ཙམ་བྱས་ནས་ཞིང་དུད་ཀྱི་ལག་བསྟར་ལེགས་གྲུབ་བྱས་ཚུལ་དང་སྒྱུར་བཀོད་རིམ་སྤོར་གྱི་ཕན་འབྲས་ལ་གཞིགས་ནས་ཧེ་བག་ཅན་གྱི་ཁ་གསབ་སྤྲད་པ་རེད། རྣམ་གྲངས་2022ལོའི་ཟླ9པའི་ཚེས10ཉིན་ལས་འགོ་ཚུགས་པ་དང་2023ལོའི་ཟླ་3པའི་ཟླ་མཇུག་བར་དུད་ཚང་244ཡི་ཞིང་པའི་སྡོད་ཁང་སྒྱུར་བཀོད་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་པ་རེད།