ཡུན་ནན་གྱི་འཚོ་བ་ཞེས་པའི་སེམས་ཀྱི་ཉི་ཟླའི་འགོ་ཚུགས་མཛད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

     ཟླ་4ཚེས་25ཉིན“ཡུན་ནན་གྱི་འཚོ་བ”ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ་ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའུ་ཀྲི་ཅུན་དང་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཅུས་ཀྲང་ཀའོ་ཞང་། སེམས་ཀྱི་ཉི་ཟླ་གསར་བ་སུན་ཅིན་ཁྲེན་གྱིས་ས་གནས་ས་ཐོག་ཏུ་བདེ་ཆེན་གྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཀྱི་ནང་དོན་མཉམ་སྤྱོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་ཕྱི་ཕྱོགས་གསར་འགྱུར་ཁྲུའི་ཁྲུའུ་ཀྲང་ཙུང་ཞ་ཡིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཡུན་ནན་དུ་བཅའ་སྡོད་གསར་འགྱུར་ཚན་པ་དང་ཞིང་ཆེན་རིམ་པ་དང་ཁུལ་ནང་གི་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་30ལྷག་ཙམ་ཡོངས་བསྒྲགས་ཚོགས་འདུར་ཞུགས་ཡོད་པ་རེད།


    ལུའུ་ཀྲི་ཅུན་གྱིས་སེམས་ཀྱི་ཉི་ཟླའི་འཚོ་བ་ལོངས་སྤྱོད་བྱས་པ་དང་ཁོང་གིས་སེམས་ཀྱི་ཉི་ཟླའི་འཚོ་བ་ནི་ཞི་མཐུན་གྱི་མཉམ་སྒྲོག་རོལ་དབྱངས་ཤིག་རེད། མི་རིགས་ཁག་གི་མི་དམངས་ཚོས་སྲོག་ཤིང་ལ་བརྩི་བཀུར་དང་སེམས་པ་པེ་ཅིང་ལ་ཕྱོགས་ཡོད། མི་རིགས་ཁག་གི་མི་དམངས་ཚོས་སེ་འབྲུ་གཅིག་དང་གཅིག་སྦྲེལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་བཞིན་ཡོད་ཅེས་བཤད་པ་རེད།
    ཀའོ་ཤང་གིས་བདེ་ཆེན་ཁུལ་ལ“སེམས་ཀྱི་ཉི་ཟླ”དང་། “གཙང་གསུམ་མཉམ་འདྲེས”“ཁ་བ་དཀར་པོ”“ཇ་རྟ་གནའ་ལམ”བཅས་འཛམ་གླིང་རིམ་པའི་ཡུལ་སྐོར་སྤུས་རྟགས་ཆེན་པོ་བཞི་ཡོད་པས་ཡུན་ནན་གྱི་ཡུལ་སྐོར་གོང་མའི་ཅོད་པན་ཐོག་གི་མུ་ཏིག་ལྟ་བུར་གྱུར་ཡོད། 2023ལོའི་དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་453.95ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་190.01%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་50.03ཟིན་པ་དེ་དུས་མཚུངས་ལས་149.94%འཕར་ནས་བདེ་ཆེན་ཡུལ་སྐོར་ལས་རིགས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་བཤད།
    སུན་ཅིང་ཁྲེན་གྱིས་ཁོང་གི་མིག་ནང་གི་སེམས་ཀྱི་ཉི་ཟླ་མཉམ་དུ་མྱོང་རོལ་བྱས་པ་རེད། བརྩམས་སྒྲུང་《གནམ་སའི་འདྲེས་མཚསས》ཞེས་པ་ནས་སེམས་ཀྱི་ཉི་ཟླའི་དྲ་སྣེའི་གསར་འགྱུར། དེ་ནས་སེམས་ཀྱི་ཉི་ཟླར་ཐེངས་དང་པོ་བསྐྱོད་སྐབས་མཛེས་ལྗོངས་མཐོང་བའི་ངོ་མཚར་དང་དམིགས་བསལ་ཁྱད་ཆོས་ལྡན་པ་བཅས་ནི་མྱོང་ཚོར་ཐུབ་པའི་སེམས་ཀྱི་ཉི་ཟླའི་རིག་གནས་ཀྱི་འགུག་ཤུགས་ཡིན་ལ།    འགུག་ཤུགས་འདི་དག་གིས་རང་ཉིད་འདི་ནས་འཚོ་སྡོད་བྱེད་དུ་བཅུག   རང་ཉིད་ཡུལ་སྐོར་དང་། རིག་གནས། ཡུན་ནན་བཅས་ལ་དགའ་ཞེན་ཆེ་བ་དང་སེམས་ཀྱི་གྲོགས་པོ་ཚོར་ལྷག་ཏུ་བཀའ་དྲིན་ཞུས་པ་ཡིན་ཞེས་བཤད།
    ཚོགས་སྐབས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། འཇོལ་རྫོང་། འབའ་ལུང་རྫོང་སོགས་ཡན་ལག་ཚོགས་ར་ནི་སྐུ་མགྲོན་བཅུ་ཡིས་ཁ་བ་དཀར་པོ་དང་། སྟག་མཆོང་གྲོག་རོང་།  ཇ་རྟ་གནའ་ལམ། འབའ་ལྷག་དཀར་རྫོང། མྱིག་ཟུར་གྲོང་ཚོ། ཐུང་ལེ་གྲོང་ཚོ། གླེགས་བམ་སོགས་བདེ་ཆེན་གྱི་ཁྱད་ཆོས་ལྡན་ཤོས་ཀྱི་མཛེས་ལྗོངས་དང་རིག་གནས་མཉམ་སྤྱོད་བྱས།

    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཇུག་འགྲིལ་རྗེས“ཡུན་ནན་གྱི་འཚོ་བ་སྟེ། འཛམ་གླིང་གི་སེམས་ཀྱི་ཉི་ཟླ”ཞེས་པའི་བརྟག་ཞིབ་བཅར་འདྲི་བྱེད་སྒོ་ཆེ་གྲས་དངོས་སུ་སྤེལ་འགོ་ཚུགས་ཤིང་། བརྟག་ཞིབ་དང་བཅར་འདྲི་བྱེད་སྐབས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྨྱན་སྦྱོར་ཁག་གི་གསར་འགོད་པ་སྒྲིག་འཛུགས་བྱས་ནས་རྡོ་མཁར་རྫོང་གནའ་གྲོང་དང་། མྱིག་ཟུར་གྲོང་ཚོ། ཆུ་དཀར་ཆུ་ནག ཁ་བ་དཀར་པོ། ཐུང་ལེ་གྲོང་ཚོ་སོགས་སུ་བསྐྱོད་དེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་རིག་གནས་འགྲེམས་སྟོན་བྱ་རྒྱུ་རེད།