རི་སྐྱེས་སྔོ་ཚོད་ཟ་སྐབས་ཀྱི་མཉམ་འཇོག་བྱེད་དགོས་ས་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-25   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།


    གཅིག ལུགས་མཐུན་གྱིས་འཐུ་དགོས། རི་སྐྱེས་སྔོ་ཚོད་འཐུ་སྐབས་གང་འདོད་དུ་འཐུ་མི་རུང་བར། ངེས་པར་དུ་གད་སྙིགས་དང་གྲོག་ཆུ། རྒྱ་ལམ་གྱི་འགྲམ་སོགས་དང་རིང་དུ་གྱེས་ཏེ། ས་གཙང་ཞིང་ཁོད་ཡངས་པའི་གནས་སུ་སོང་ནས་འཐུ་དགོས། ངོས་མི་ཟིན་པ་དང་གསལ་ཐག་མི་ཆོད་པ། ཡོང་ཁུངས་མི་གསལ་བ་བཅས་ཀྱི་རི་སྐྱེས་སྔོ་ཚོད་གང་འདོད་དུ་བཟའ་མི་རུང་།

    གཉིས། གཡོས་སྦྱོར་མ་བྱས་པའི་སྔོན་ལ་ཆུ་ནང་དུ་སྦང་དགོས། རི་སྐྱེས་སྔོ་ཚོད་མ་ཟོས་པའི་སྔོན་ལ་ངེས་པར་དུ་ཆུ་གཙང་མའི་ནང་དུ་དུས་ཚོད2ཙམ་ལ་སྦང་དགོས་པར་མ་ཟད། ཆེས་བཟང་ན་ད་རུང་ཆུ་ཚ་མོའི་ནང་དུ་སྐྱ་གདུ་ཐེངས་གཅིག་བྱས་ཏེ། སྔོ་ཚོད་ཀྱི་ནང་དུ་ཡིབ་པའི་དུག་རྒྱུ་ལེན་ཅི་ཐུབ་བྱེད་དགོས།

    གསུམ། ཟ་སྟངས་ལ་མི་འདྲ་བ་སྣ་ཚོགས་ཡོད། སྔོ་ཚོད་མི་འདྲ་བ་ལ་གཡོས་སྦྱོར་བྱེད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པས། གཡོས་སྦྱོར་བྱེད་སྟངས་མ་འགྲིག་ན་བྲོ་བར་གནོད་པ་ཐེབས་སྲིད། དཔེར་ན་ཡོ་འབོག་གི་མེ་ཏོག་ལྟ་བུའི་སྡོང་མགོར་སྐྱེས་པའི་སྔོ་ཚོད་ལ་མཚོན་ན། བརྔོས་ནས་མི་ཟ་བར་བཙོས་ནས་ཟ་དགོས་པ་དང་། སྤང་རམ་ལྟ་བུར་མཚོན་ན་སྤོད་ཡ་དང་སྦྱར་ཏེ་རློམ་པར་ཟོས་ན་བྲོ་བ་ཧ་ཅང་ཞིམ། བུར་ཤིང་རིགས་ཀྱི་རི་སྐྱེས་སྔོ་ཚོད་ནི་ཉི་མར་ལྡེ་སྟེ་ཚོད་སྐམ་དུ་གཏོང་བ་དང་ཡང་ན་ཚ་བསྙལ་བྱེད་དགོས་པ་ལྟ་བུ།


    བཞི། ཟ་ཐེངས་གཅིག་གིས་མང་པོ་ཟ་མི་རུང་། རི་སྐྱེས་སྔོ་ཚོད་མང་པོ་ཞིག་གི་འཚོ་བཅུད་གྲུབ་ཆ་གསལ་བོ་མིན་པའི་དབང་གིས། གཡོས་སྦྱོར་བྱེད་སྟངས་ཀྱང་འོས་འཚམ་ཡིན་པའི་ངེས་པ་མེད་ལ། མི་ཁ་ཤས་ཤིག་ལ་རི་སྐྱེས་སྔོ་ཚོད་ཟོས་རྗེས་མི་བདེ་བའི་སྣང་ཚུལ་རྣམ་པ་སྣ་ཚོགས་འབྱུང་བཞིན་ཡོད། སྔོ་ཚོད་མང་པོ་ཞིག་ནི་རང་བཞིན་གྲང་ཞིང་རོ་ཁ་བས། ཚ་བ་འཇོམས་ཐུབ་མོད།འོན་ཀྱང་ཟ་ཚད་ཆེ་ན་ཕོ་མཆེར་ལ་གནོད་པ་ཡོད་པས། ཕོ་བ་ན་བ་དང་སྐྱུགས་མེར་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་།

    ལྔ། རི་སྐྱེས་སྔོ་ཚོད་འཇོག་ཡུན་རིང་མི་རུང་། རི་སྐྱེས་སྔོ་ཚོད་བཏུས་རྗེས་ལུགས་མཐུན་གྱི་གཡོས་སྦྱོར་བྱེད་སྟངས་སྤྱད་དེ་མྱུར་མོར་ཟ་དགོས་པ་ལས། འཇོག་ཡུན་རིང་མི་རུང་། དེ་མིན་ན་དུག་རྒྱུ་འབྱུང་བར་མ་ཟད། འཚོ་བཅུད་མང་པོ་ཞིག་ལ་གཏོར་བརླག་ཐེབས་སྲིད། །