བདེ་ཆེན་ཁུལ་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་འགོ་ཡག་པོ་ཞིག་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གསར་འགོད་པས་ཟླ་4པའི་ཚེས་21ཉིན་གྱི་ཕྱི་དྲོ་འཚོགས་པའི་བདེ་ཆེན་ཁུལ་གྱི་2023ལོའི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལ་འགོ་ཡག་པོ་ཞིག་བཙུགས་ཡོད་པ་རེད།



    དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་77.94ལེགས་སྒྲུབ་བྱས་པ་དང་བསྡུར་ཚད་ལྟར་བརྩིས་ན(གཤམ་དུའང་མཚུངས)དུས་མཚུངས་ལས་5.4%འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་བརྒྱད་པར་སླེབས་ཡོད་པ་རེད། དེའི་ནང་ཐོན་ལས་དང་པོས་རིན་ཐང་འཕར་མ་སྒོར་དུང་ཕྱུར་1.79ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་3.1%འཕར་བ་དང་། ཐོན་ལས་གཉིས་པར་འཕར་ཐང་སྒོར་དུང་ཕྱུར་30.11ཟིན་ནས་6.8%འཕར་བ། ཐོན་ལས་གསུམ་པར་རིན་ཐང་འཕར་མ་སྒོར་དུང་ཕྱུར་46.04བྱུང་བ་དེ་དུས་མཚུངས་ལས་4.7%འཕར་ཡོད་པ་རེད། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཞིང་ནགས་འབྲོག་ཉ་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3.74ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་3.2%འཕར་ཡོད།བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་12.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ནས་རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་44.16ཟིན་པ་དེ་དུས་མཚུངས་ལས་26.4%འཕར་ཡོད། རིམ་རྩིས་བྱས་ན་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་18ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་1.9%འཕར་བ་དང་། རིམ་རྩིས་བྱས་ན་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.67ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་1.1%འཕར་ཡོད། 

    དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་378.41ཟིན་པ་དེ་དུས་མཚུངས་ལས་0.9%མར་ཆག་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་397.82ཟིན་པ་དེ་དུས་མཚུངས་ལས་12.8%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11113ཟིན་ནས་དུས་མཚུངས་ལས་3.9%འཕར་ཡོད་པ་རེད། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་2396ཟིན་པ་དེ་དུས་མཚུངས་ལས་6.8%འཕར་བ།

    གྲོང་མིའི་འཛད་སྤྱོད་རིན་གོང་ཅུང་འཕར་བ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་སྟོན་གྲངས(CPI)དེ་ན་ནིང་གི་དུས་མཚུངས་ལས་101.3%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.7མང་དུ་ཕྱིན་པ། ཡུལ་སྐོར་དཔལ་འབྱོར་སླར་གསོ་ཤུགས་ཆེན་བྱུང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་453.95ལ་སྣེ་ལེན་ཞུས་པ་དེ་190%འཕར་ཞིང་2019ལོའི་དུས་མཚུངས་ལས་30.8%འཕར་ཡོད། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་50.03ལེགས་སྒྲུབ་བྱས་ཤིང་དུས་མཚུངས་ལས་149.9%འཕར་བ་དེ་2019ལོའི་དུས་མཚུངས་ལས་40.7%འཕར་ཡོད་པ་རེད།