བདེ་ཆེན་རྒྱལ་ཐང་ཡུལ་དུ་ཞོག་ཁོག་འདེབས་འཛུགས་བྱེད་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།





    ཟླ་4པའི་ཚེས་17ཉིན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་མཐོའི་འཕྲུལ་ཆས་ཅན་དང་ཐོན་འབབ་མཐོ་བའི་ཞོག་ཁོག་དེ་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་འདེབས་འཛུགས་བྱེད་འགོ་ཚུགས་ཤིང་། བདེ་ཆེན་མའོ་ལིན་ཀུང་སིའི་ལག་རྩལ་མཁས་ཅན་ཀུའོ་ཕུང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ས་མཐོའི་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་དེས་ཞོག་ཁོག་འདེབས་རྒྱུར་ཕན་པ་མ་ཟད། ཐོན་ཚད་ཀྱང་མཐོ་བས་ཆ་སྙོམས་མུའུ་རེ་ནས་ཐོན་ཚད་ཏུན་4ཟིན་པ་དེ་སྲོལ་རྒྱུན་འདེབས་འཛུགས་ལས་ལྡབ་གཅིག་འཕར་ནས་ཞིང་འབྲོག་པའི་འབབ་འཕར་གྱི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་རེད་ཟེར།