རྡོ་མཁར་རྫོང་དུ་ལྟད་མོ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་4ཚེས་22ཉིན།ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་ཞེས་པའི་བདེ་ཆེན་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་རིག་རྩལ་འཁྲབ་སྟོན་ལེ་ཚན་ཕབ་བཟོའི་ལས་དོན་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་སྤེལ་བ་རེད། ཕབ་བཟོ་བྱ་ཡུལ་དུ་ལི་སུའུ་ཞབས་བྲོ་དང་། བོད་རིགས་ཞབས་བྲོ། འཁྲབ་སྟོན་རོལ་དབྱངས། གླུ་གཞས་མཉམ་དུ་གཏོང་བ་སོགས་ཀྱི་ལེ་ཚན་སྣ་ཚོགས་ཡོད་ཅིང་། ཕབ་འཇུག་བྱ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པོར་ཡང་ཡང་བསྟན་པ་དང་། ལྟད་མོ་བས་སྐབས་རེ་ལག་ཐོགས་ཁ་པར་ཡར་བཀྱགས་ནས་པར་བརྒྱབ་པ་དང་སྐབས་རེ་འཁྲབ་སྟོན་པས་ལག་གཡུགས་བྱས་ནས་སྤེལ་རེས་བྱས་ཏེ་ས་གནས་ས་ཐོག་ཏུ་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། དམིགས་བསལ་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ལེ་ཚན་གྱིས་ཕྱོགས་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་བདེ་ཆེན་གྱི་གྲོང་གསེབ་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་ཟབ་མོ་མངོན་ནས་ས་གནས་ས་ཐོག་གི་ལྟད་མོ་བ་དང་ཡུལ་སྐོར་བར་ངོ་མཚར་ཆེ་བའི་རིག་རྩལ་གྱི་ལྟད་མོ་ཞིག་བསྟན་ཡོད་པ་རེད།





ཡུལ་དངོས་ཀྱི་འཁྲབ་སྟོན་རྣམ་པ།