རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། འབྲུ་ཆར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        འབྲུ་ཆར་ནི་དུས་ཚིགས་དྲུག་པ་ཡིན་ལ་དཔྱིད་ཀའི་དུས་ཚིགས་ཆེས་རྗེས་མ་ཡང་ཡིན། འབྲུ་ཆར་སླེབས་པ་དེས་གྲང་ངར་ཆེ་བའི་གནམ་གཤིས་དེ་གཞི་རྩའི་ཆ་ནས་མཇུག་བསྒྲིལ་བ་དང་བྱ་དངོས་ཡོད་ཚད་འཚར་ལོངས་བྱུང་བར་ཆེས་བཟང་བའི་དུས་ཚིགས་སླེབས་པ་མཚོན་ཡོད། འབྲུ་ཆར་དུས་ཚིགས་ཀྱི་རྗེས་སུ། དྲོད་ཚད་རིམ་བཞིན་ཇེ་མཐོར་འགྲོ་བ་དང་། ཆར་ཆུ་འབབ་ཚད་རིམ་བཞིན་ཇེ་མང་དུ་འགྲོ་བ། འབྲུ་རིགས་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད།

        རྩྭ་སྐྱ་མེད་ཅིང་། རི་ཀླུང་སྔོ་ལྗང་། གནམ་ས་གསར་བ་ཞིག་ཏུ་གྱུར་འགྲོ། མཛེས་སྡུག་ཡོད་ཚད་ཀྱིས་ང་ཚོར་གསལ་འདེབས་བྱེད་བཞིན་ཡོད་པས། ཆེས་མཐའ་མཇུག་གི་དཔྱིད་ཀྱི་དཔལ་ཡོན་འདི་ང་ཚོས་དམ་འཛིན་བྱེད་ཤེས་དགོས་སོ།།