བདེ་ཆེན་གྱི་སྟག་མའི་མེ་ཏོག་བཞད་པས་ཁྱེད་རང་ཕེབས་པར་དགའ་བསུ་ཞུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

        ལོའི་ཟླ་4པ་ནས་6པའི་བར་ཁྱེད་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སྐྱོད་སྐབས་རི་ཀླུང་ཀུན་ཏུ་སྟག་མའི་མེ་ཏོག་བཞད་པ་དང་ཚོན་མདངས་རྣམ་པར་བཀྲ་བས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ།

        ཚོན་མདངས་རྣམ་པར་བཀྲ་བའི་སྟག་མའི་མེ་ཏོག་མཐོ་ཞིང་ཐུང་ལ་ཡལ་ག་ཕན་ཚུན་བརྟེན་ནས་ཡོད། རྒྱང་ནས་བལྟས་ན་སྤྲིན་པ་དམར་པོ་ཞིག་དང་། སྨུག་པ་དམར་པོ་ཞིག་དང་འདྲ། ཐག་ཉེ་ནས་བལྟས་ན་དམར་རྩི་ཞིག་དང་། ཡང་ལ་མེ་ཏོག་ཞིག་དང་འདྲ། འདི་ནས་སྟག་མའི་མེ་ཏོག་གི་རྒྱ་མཚོའི་ནང་ལྷོད་འཆམ་བྱེད་ཐུབ་པ་དང་། དྲི་ཞིམ་གནམ་སའི་བར་དུ་འཐུལ་བས། ཐང་ཆད་པའི་ལུས་སེམས་གཙང་འཁྲུད་བྱེད་ཐུབ། རང་དབང་མེད་པར་ལུས་སེམས་ཧྲིལ་བོ་སྟག་མའི་མེ་ཏོག་གི་རྒྱ་མཚོའི་ནང་དུ་ཞུགས་སུ་འཇུག