རི་མཐོའི་རྩི་ཤིང་གླིང་དུ་མེ་ཏོག་ཡུས་ཅིན་ཞང་སོགས་བཞད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

        ཟླ་4པར་སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་གླིང་དུ་བཞད་པའི་མེ་ཏོག་ཡུས་ཅིན་ཞང་སོགས་མེ་ཏོག་འགྲན་རྩོད་ངང་བཞད་པས་ལྟ་ན་སྡུག་པ་ཞིག་ཡོད།

        སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་གླིང་གི་འགོ་འཛིན་གཞོན་པ་ལིའུ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན་མེ་ཏོག་ཡུས་ཅིན་ཞང་དང་མེ་ཏོག་ཧྲུའེ་ཞན། མེ་ཏོག་ཧྥེང་ཞིན་ཙི་བཅས་ནི་མེ་ཏོག་བཞད་སྔ་ཤོས་ཡིན་པ་དང་ཉིན་ཤས་སོང་རྗེས་བྱང་ཆུབ་ཤིང་ཡང་མེ་ཏོག་བཞད་རྒྱུ་རེད། དྲོད་ཚད་བསྐྱར་འཕར་བྱུང་བ་དང་ཆབས་ཅིག་ཟླ་བ་ཁ་ཤས་སོང་རྗེས་མེ་ཏོག་སྣ་ཁ་མི་འདྲ་བ་སྣ་ཚོགས་བཞད་པའི་དུས་ཚོད་འཆར་རྒྱུ་རེད་ཅེས་བཤད་པ།
        ཤེས་རྟོགས་བྱུང་བར་གཞིགས་ན་མིག་སྔར་ལྡུམ་རའི་ནང་མེ་ཏོག་ཧྲུའེ་ཞན་སོགས་ཕྱི་ནས་ནང་འདྲེན་བྱས་པའི་སྣ་ཁ་20ལྷག་ཙམ་འདེབས་འཛུགས་བྱས་པ་མ་ཟད་ཟླ་7པ་དང8པ་བར་མེ་ཏོག་སྣ་ཚོགས་བཞད་པའི་དུས་སུ་སླེབས་རྒྱུ་ཡིན་པ་རེད།