སེམས་ཀྱི་ཉི་ཟླར་ཁམ་བུའི་མེ་ཏོག་རྣམ་པར་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དཔྱིད་རླུང་དྲོ་རུ་ཕྱིན་ནས་སྐྱེ་དངོས་ཐམས་ཅད་སླར་གསོ་བྱུང་། ཉེ་ཆར་རྡོ་མཁར་རྫོང་གི་རྫོང་མགོ་སྤྱི་གླིང་དང་ནགས་ཕག་མཚོ་སྐོར་ལམ་གྱི་བཅིངས་འགྲོལ་གྲོང་ཚོ་ཆོས་འཛོམས་གྲོང་མིའི་ཚོགས་ཆུང་གི་ཁམ་བུའི་མེ་ཏོག་འགྲན་རྩོད་ངང་བཞད་པས་ལྟ་ན་སྡུག་པ་ཞིག་ཡོད། རི་ཀླུང་ཀུན་ཏུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ནས་གནམ་སྔོན་པོ་དང་སྤྲིན་དཀར་པོ། གངས་རི་བཅས་ཀྱི་འོད་མདངས་ཕན་ཚུན་འཕྲོས་ཏེ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།