སེམས་ཀྱི་ཉི་ཟླར་འགན་ལེན་རང་བཞིན་གྱི་བོཊ་གཏོང་སྡོད་ཁང་འཛུཊ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་གསར་འགོད་པར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་མགྲོན་བསུ་ལམ་ཆེན་གྱི་ནུབ་ངོས་སུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2022ལོའི་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་(EPC)ཨར་ལས་བྱ་ཡུལ་ནས་ཤེས་རྟོགས་བྱུང་བར་ད་ལོའི་ཟླ་4པའི་ཚེས་1ཉིན་ལས་འགོ་ཚུགས་ཚུན་རྣམ་གྲངས་དེའི་སྤྱིའི་ལས་གྲྭའི་ཚད་20%ལེགས་གྲུབ་ཟིན་པ་དང་2025ལོའི་ཟླ་11པའི་ཟླ་མཇུག་ཏུ་རྩིས་སྤྲད་ནས་བེད་སྤྱོད་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2022ལོར་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་རྣམ་གྲངས་(EPC)ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ས་ཆ་མ་འཇོག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས་མ་འཇོག་གསར་སྤེལ་འཛུགས་སྐྲུན་བྱས་པ་དང་རྣམ་གྲངས་ཀྱི་སྤྱིའི་ས་ཆའི་རྒྱ་ཁྱོན་མུའུ་86.8དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.38ཟིན་ཡོད། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཐོག་ཁང་22དང་ཁང་པ་1200འཛུགས་སྐྲུན་བྱ་རྒྱུ་མ་ཟད་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་སྡེ་ཁུལ་གྱི་སྤྱོད་ཁང་། སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཁང་། རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས། སྒྲོམ་གཞི་སྟོང་པ་དང་ཆ་ལག་ཚང་བའི་ཚོང་ལས་འཛུགས་སྐྲུན་སོགས་ཆ་ཚང་འཛུགས་སྐྲུན་བྱ་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོད་ཁང་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་མི་གསར་པ་དང་གཞོན་ནུ་སོགས་ཚོགས་སྤྱིའི་སྡོད་ཁང་དཀའ་ངལ་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་ཡོད།