བདེ་ཆེན་གྱིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཚོགས་པ་ཐོག་མ་བསུས་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་4པའི་ཚེས་13ཉིན་གྱི་ཕྱི་དྲོར། "འཛམ་གླིང་གི་སེམས་ཀྱི་ཉི་ཟླ་དང་སེམས་ནང་གི་དག་ཞིང་"ཞེས་པའི་ཡུལ་སྐོར་བརྗོད་དོན་གཙོ་བོར་བྱས་པའི་འཛམ་གླིང་གི"སེམས་ཀྱི་ཉི་ཟླ་"སྐྱོད་པའི་2023ལོར་ཐེ་ལན་གྱི་རྒྱལ་ཁོངས་སུ་འཛུལ་མཁན་ཚོགས་པའི་ཡུལ་སྐོར་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་ཐང་ཆེན་དུ་གཉེར་བ་རེད།  མཛད་སྒོ་དེ་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཡུན་ནན་ཏི་ལང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སི་དང་ཡུན་ནན་ཧོང་ཧྲི་ཚོང་དོན་བློ་འདྲི་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་གྱི་ཡོད།
        "ང་ཚོས་ལྷན་རྒྱས་བདེ་ཆེན་དུ་ཕེབས་ནས་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་"ཞེས་འགོ་ཚུགས་མཛད་སྒོའི་ཐོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཆིང་ཕེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཐེ་ལན་ཡུལ་སྐོར་བ་ཚོར་དགའ་བསུ་ཞུས་པ་རེད། ཁོང་གིས་2023ལོར་ཐེ་ལན་གྱི་རྒྱལ་ཁོངས་སུ་འཛུལ་བའི་ཚོགས་པའི་ཡུལ་སྐོར་འགོ་ཚུགས་མཛད་སྒོ་གཉེར་བ་དེས་བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་དང་། ཐེ་ལན་གྱི་ཡུལ་སྐོར་བ་ཚོས་བདེ་ཆེན་དུ་ཡུལ་སྐོར་བྱས་པ་བརྒྱུད་ནས་"ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་པ"ཉམས་ལེན་བྱེད་ཐུབ་རྒྱུའི་རེ་བ་ཡོད་ཞེས་ཟེར། 
        ཐེ་ལན་མེ་ཐེ་ཝུའེ་ཡུལ་སྐོར་ཀུང་སི་དང་ཡུན་ནན་ཏི་ལང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཡུན་ནན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་ཡུལ་སྐོར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། འབྱུང་འགྱུར་ཀྲུང་ཐེ་ལྕགས་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལས་གྲྭ་ལེགས་གྲུབ་ཟིན་རྗེས་ལྕགས་ལམ་གཉིས་ཤར་གཏོང་ཐུབ་ནས་སེམས་ཀྱི་ཉི་ཟླ་དང་ཐེ་ལན་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་དང་མྱུར་ཚད་གསར་གཏོད་བྱས་ནས་ཐེ་ལན་དང་སེམས་ཀྱི་ཉི་ཟླའི་འཕེལ་རྒྱས་ཀྱི་མྱུར་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཅེས་བཤད་པ་རེད།

        ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་བཞེངས་སྐྲུན་བྱེད་རྒྱུར་དམིགས་ནས་ཡུལ་སྐོར་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་བསྣན་བརྒྱབ་པ་དང་། ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་གཏིང་ཟབ་བྱས་པ་རེད། ཐེངས་འདིའི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་གྱིས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་གཏོད་བྱེད་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི"རྒྱལ་སྤྱིའི་སྤུས་རྟགས་སྔར་བས་བཏོད་དེ་རྒྱལ་སྤྱིའི་གྲོགས་པོ་དེ་བས་མང་བ་སེམས་ཀྱི་ཉི་ཟླར་བསྐྱོད་དེ་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། འབྱུང་འགྱུར་ཉིན་ཤས་ནང་ཐེ་ལན་གྱི་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཚོགས་པས་བདེ་ཆེན་དུ་ས་གནས་དེ་གའི་མི་རིགས་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱ་རྒྱུ་ཡིན་པ་རེད།