སྟག་མོ་མཚོ་ལ་འདུར་རྒྱུག་གི་བྱ་དགའ་ཨང་དང་པོའི་རྟགས་མ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-12   རྩོམ་ཁུངས།    མཚོ་ལྷོ་བོད་ཡིག་ཚགས་པར།

        སྟག་མོ་མཚོ་ནི2004ལོར་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་དུང་དཀར་སྡེ་བར་སྐྱེས་ཤིང་། ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོར་སློབ་གཉེར་བྱེད་པའི་སྐབས་ཏེ། 2019ལོའི་ཟླ11པར་མཚོ་སྔོན་དོ་པ་ལུས་རྩལ་སློབ་གྲྭའི་ཆེད་ལས་མི་སྣ་སློབ་གྲྭ་དེར་ལུས་རྩལ་ཆེད་ལས་ཀྱི་འཇོན་ནུས་ལྡན་པའི་སློབ་མ་བསྡུ་རུ་འོང་ཞིང་། ཁོ་མོའི་གཟུགས་གཞིའི་ཆ་རྐྱེན་ལ་གཞིགས་ཏེ་སློབ་གྲྭ་དེ་གའི་སློབ་མར་བདམས་ཐོན་བྱུང་། དེ་རུ་ལོ་ངོ་གསུམ་གྱི་ལུས་རྩལ་སྦྱོང་བརྡར་གྱི་གསོ་སྐྱོང་གི་གོ་རིམ་བརྒྱུད་དེ། ད་ལྟ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཡིན།

       ད་ལོར་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་གྱི་སྐྱེས་མའི་ཚན་ཆུང༼རྒྱུག་སྐོར་གཉིས་པའི༽སྤྱི་ལེ་བཅུ་ཅན་གྱི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོའི་རྟགས་མ་ཐོབ། འདི་ནི་ཁོ་མོའི་ལུས་རྩལ་སློབ་གཉེར་གྱི་འདུན་མ་མངོན་འགྱུར་བྱུང་བའི་རྒྱལ་ཁའི་རྟགས་མཚན་ཡིན་ལ། ཐུན་ཏེ་རྫོང་མི་དམངས་ཀྱི་གཟི་བརྗིད་ཀྱང་རེད།