བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི“6T”ཟ་ཁང་དངོས་སུ་སྤྱོད་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་4པའི་ཚེས་8ཉིན། བདེ་ཆེན་ཁུལ་མི་རིགས་སློབ་འབྲིང་གི“6T”ཟ་ཁང་དངོས་སུ་སྤྱོད་འགོ་ཚུགས་པས། བདེ་ཆེན་གྱི“6Tདོ་དམ”ཟ་ཁང་ཐོག་མར་གྱུར་པ་རེད། “6Tདོ་དམ”ཞེས་པ་ནི“ཉིན་ལྟར་ཐག་གཅོད་དང་། ཉིན་ལྟར་བསྡུ་སྒྲིལ། ཉིན་ལྟར་གཙང་བཤེར། ཉིན་ལྟར་ཚད་ལྡན། ཉིན་ལྟར་ཞིབ་བཤེར། ཉིན་ལྟར་ལེགས་སུ་གཏོང་བ”བཅས་ཡིན། “6Tདོ་དམ”ལ་གཞོགས་འདེགས་བྱས་ཏེ་སློབ་གྲྭ་དེའི་བཟའ་བཅའི་བདེ་འཇགས་ལས་དོན་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། ཁྱིམ་བདག་ཚོས་རང་ཉིད་ཀྱི་ཕྲུ་གུའི་ཟ་མའི་གནས་ཚུལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་ཆེད། སློབ་གྲྭ་དེས་ཁྱིམ་བདག་གི་འཐུས་མི་གདན་འདྲེན་ཞུས་ནས་ཟ་ཁང་སྒྱུར་བཀོད་ཀྱི་དཔྱད་གླེང་བྱེད་སྒོ་དང་“6T”ཟ་ཁང་གི་ཡུལ་དངོས་ཉམས་ལེན་ནང་ཞུགས་སུ་བཅུག

        བྱེད་སྒོ་སྤེལ་རིང་ཁྱིམ་བདག་གི་འཐུས་མི་ཚོ་ཟ་ཁང་དུ་བསྐྱོད་ནས་བར་ཐག་མེད་པའི་སྒོ་ནས་སློབ་མའི་ཟ་ཁང་གི་ཁོར་ཡུག་འཕྲོད་བསྟེན་དང་བཟའ་བཅའི་སྤུས་ཚད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་སློབ་གྲྭའི་འགན་འཁུར་བས་ཟ་ཁང་གི་སྒྲིག་བཀོད་སྒྲིག་ཆས་དང་། ལས་དོན་མི་སྣས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་སྐྱོད་པའི་གནས་ཚུལ། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་སོགས་ཀྱི་ཐད་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཁྱིམ་བདག་ལི་ཤིས་ཀྱིསཐེངས་འདིའི་དཔྱད་གླེང་བྱེད་སྒོ་བརྒྱུད་ངས་སློབ་གྲྭའི་ཟ་ཁང་གི་ཁོར་ཡུག་གཙང་སྦྲ་ཧ་ཅང་ལེགས་པ་དང་། ཚལ་རིགས་ཕུན་སུམ་ཚོགས་པ། རིན་གོང་ཡང་ལུགས་མཐུན་ཡིན་པ་བཅས་མཐོང་བྱུང་། ཟ་ཁང་གིས་ཀྱང་གཙང་སྦྲ་དོད་པའི་རྣམ་པ་དེ་རྒྱུན་འཁྱོངས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སློབ་མ་ཚོའི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་དང་རང་ཉིད་ཁྱིམ་བདག་ཅིག་ཡིན་པའི་ཆ་ནས་ངས་ཀྱང་ཕྲུ་གུ་ཚོས་འདི་ནས་ཟ་མ་ཟ་བར་སེམས་བདེ་སོང་། ཐེངས་འདིའི་ཟ་ཁང་སྒྱུར་བཀོད་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད”ཅེས་བཤད། 

        ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེས“སློབ་མས་ཟ་མ་ཡག་པོ་ཟ་བ་དང་། ལྗང་མདོག་དང་བདེ་ཐང་། སྤུས་ཚད་མཐོ་བ་བཅས་ཀྱི་ཟ་མ་ཟ་ཐུབ་པའི”དམིགས་ཚད་ལ་དམིགས་པ་དང་། 《 “སྦྲེལ་མཚམས་ཆུང་ཆུང་”ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་རྣམ་གྲངས་ཀྱི་ལས་འགན་གསལ་ཐོའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ།》དང“སྦྲེལ་མཚམས་ཆུང་ཆུང་”གི་དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་གསལ་ཐོའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་2022ལོ་ནས་བཟུང“6T”ཟ་ཁང་གཏོད་པའི་ལས་དོན་སྤེལ་ནས་ཟ་ཁང་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཏན་ཏིག་ངང་སྤེལ་ཏེ་རྒྱ་ཆེའི་སློབ་མ་ཚོའི་ཟས་རིགས་བདེ་འཇགས་འགན་ལེན་བྱས་པ་རེད། 
        གོམ་སྟབས་རྗེས་མར། སློབ་གྲྭ་དེས་ཟ་ཁང་གི་ལྟ་སྐུལ་དོ་དམ་ལམ་སྲོལ་ཞིབ་ཚགས་དང་ཏན་ཏིག་སྒྲུབས་པ་དང་《ཡུན་ནན་ཞིང་ཆེན་གྱི་སློབ་གྲྭའི་ཟ་ཁང་གི“6T”ལས་དོན་དོ་དམ་གྱི་དཔྱད་བསྡུར་ཚད་གཞིའི(པར་གཞི་2021པ)》ལག་བསྟར་ནན་པོ་བྱས་ནས། ལས་བཟོའི་རྩལ་ནུས་གསོ་སྦྱོང་དང་བྱང་ཚད་གསོ་སྦྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཟ་ཁང་གི“6T”སྐུལ་འདེད་བཏང་ཚུལ་ལ་རང་བཤེར་གཏིང་ཟབ་བྱས་ནས་སློབ་གྲྭའི་བདེ་འཇགས་དང་། བརྟན་ལྷིང་། སྤུས་ཚད་མཐོ་བ་བཅས་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།